འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོ་སྲུང་བརྩི།

a1_2012_12_1དེ་རིང་འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོ་དང་བསྟུན་ཏེ་དྷ་སའི་ཚོགས་པ་ཁག་ཅིག་གི་གོ་སྒྲིག་འོག མང་ཚོགས་ཁྲོད་གཉན་ནད་རེག་དུག་གི་ན་ཚ་སྔོན་འགོག་དང་འབྲེལ་བའིོ་ཡིག་ཆ་འགྲེམས་སྤེལ་དང་། གློག་བརྙན་གཟིགས་འབུལ་སོགས་ཀྱི་ལས་འགུལ་ཞིག་སྤེལ་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༡ ཉིན་འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོ་དང་བསྟུན་ཏེ། ཉིན་དེའི་ཞོགས་པར་དྷ་སའི་མེག་གྷན་རླངས་འཁོར་འབབ་ཚུགས་སུ། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། དྷ་ས་ས་གནས་གཞོན་ལྷན། ས་གནས་བུད་མེད། གདམ་ཀ་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོ་སྲུང་བརྕི་དང་འབྲེལ། མང་ཚོགས་ཁྲོད་གཉན་ནད་རེག་དུག་གི་ན་ཚ་སྔོན་འགོག་དང་འབྲེལ་བའིོ་ཡིག་ཆ་འགྲེམས་སྤེལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་།

a2_2012_12_1དེ་བཞིན་ཉིན་དེའི་དགོང་དྲོའི་ཆུ་ཚོད་༣༠ པའི་སྟེང་དྷ་སའི་ཉི་མ་སློབ་གྲྭའི་ཚོགས་ཁང་དུ། གློག་བརྙན་གཟིགས་འབུལ་གྱི་ལམ་ནས། སྤྱི་ཚོགས་ཁྲོད་ན་ཚ་དེ་ཁྱབ་གདལ་འགྲོ་སྟངས་དང་། དེ་བཞིན་ན་ཚ་སྔོན་འགོག་བྱེད་ཐབས་སོགས་ཀྱི་ལས་འགུལ་ཞིག་སྤེལ་སོང་ལ། སྐབས་དེར་གདམ་ཀ་ཚོགས་པའི་ཚོགས་གཙོ་ཕུན་ཚོགས་དང་། བུད་མེད་ལྷན་ཚོགས་ཀྱི་ཉམས་ཞིབ་འགན་འཛིན་པདྨ་ཆོས་སྒྲོན་གཉིས་ཀྱིས། སྤྱི་ཚོགས་ཁྲོད་ཐོག་མར་ནད་གཞི་དེ་ག་འདྲ་བྱས་ནས་ཡོང་གི་ཡོད་མེད་དང་། དེ་བཞིན་ན་ཚ་དེ་སྔོན་འགོག་བྱེད་སྟངས་སོགས་ཀྱི་སྐོར་མང་ཚོགས་ལ་ངོ་སྤྲོད་གནང་སོང་།

a1_2012_12_1

ན་ཚ་འདི་གཙོ་བོ་འཁྲིག་སྤྱོད་དམ་ལུས་འབྲེལ་བྱས་པ་དང་། ཕན་ཚུན་ལ་ཟུངས་ཁྲག་སྤྲོད་རེས་བྱས་པ། དེ་བཞིན་སྨན་ཁབ་བེད་སྤྱོད་མཉམ་གཏོང་དང་། གཟུགས་པོར་གཙག་ཁབ་འདྲ་མིན་མཉམ་སྤྱོད་བྱེད་རེས་བྱས་པ། ནད་གཞི་འགོས་ཟིན་པའི་ཨ་མ་ནས་མངལ་ཆགས་ཕྲུ་གུར་འགོས་བ་སོགས་ཀྱི་ཐད་ནས་སྤྱི་ཚོགས་ཁྲོད་ཁྱབ་ཀྱི་ཡོད་པ་རེད་འདུག

ཡང་དགོང་དྲོའི་ཆུ་ཚོད་༥། ༣༠ ཀྱི་སྟེང་གོང་ཞུས་ཚོགས་པ་ཁག་གི་གོ་སྒྲིག་འོག ཟླ་འདིའི་ཚེས་༣༠ ཉིན་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ། མཛོད་དགེ་རྫོང་བཞག་ལྡོམ་ཡུལ་ཚོ་སྤྱི་ལེ་བཅུ་ལྷག་གི་སར་དཀོན་མཆོག་སྐྱབས་ཀྱིས། རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱི་གནས་ཚུལ་བྱུང་ཡོད་པར་བརྟེན། དཔའ་བོ་ཁོང་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དྷ་སར་མར་མེའི་ཁྲོམ་སྐོར་ཞིག་ཀྱང་བྱས་ཡོད་པ་རེད།

Share this:
༤༥ ཀློག་གྲངས།