དཔེ་དེབ་ཁག་གསུམ་དབུ་འབྱེད།

books1_2_12_2012ཟླ་འདིའི་ཚེས་༢ ཉིན་གྱི་དགོང་དྲོ་ལི་ཐང་དབྱིག་གཉེན་ལགས་དང་ཨ་ཀ་སྤེན་པ་ཚེ་རིང་།  ལྡན་མ་བྱམས་པ་འབྱུང་གནས་གསུམ་གྱི་གོ་སྒྲིག་འོག ལི་ཐང་དབྱིག་གཉེན་གྱིས་བརྩམས་པའི་༼ཆིག་སྒྲིལ་༽དུས་དེབ་འདོན ་ཐེངས་གཉིས་པ་དང་།

ཨ་ཁ་ཚང་སྤེན་པ་ཚེ་རིང་གིས་བརྩམས་པས་༼འོད་མེད་པའི་ཟླ་བ༽།   ལྡན་མ་བྱམས་པ་འབྱུང་གནས་ ཀྱིས་བརྩམས་པའི་༼འཁྱར་ཡན་རིགས་པའི་གཤོག་རླབས་༽ཞེས་པའི་ཆེད་དེབ་དང་དུས་དེབ་གསུམ་གྱི་དབུ་འབྱེད་མཛད་སྒོ་ཞིག་མོན་གྷོ་ས་གནས་གཡག་ཟ་ཁང་ནང་འཚོགས་ཡོད་པ་རེད།

མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་དུས་དེབ་དབུ་འབྱེད་དང་འབྲེལ་བའི་གསུང་བཤད་གནང་དོན། ཆིལ་སྒྲིལ་དུས་དེབ་འདིའི་ནང་དོན་ཞིབ་ཕྲ་ཞིག་བཀླག་མྱོང་མེད་དེ་ཆིལ་སྒྲིལ་ཟེར་བའི་དེབ་དེའི་ཁ་བྱང་ཁོ་རང་ལ་བལྟས་པ་ཡིན་ན།   ཆིག་སྒྲིལ་དང་འབྲེལ་བའི་རྩོམ་དང་སྙན་ངག་མང་པོ་ཞིག་བྲིས་ཡོད་ཀྱི་རེད་དྲན་གྱི་འདུག    ད་ལྟའི་ཆར་ཆིག་སྒྲིལ་ཟེར་བ་དེ་གལ་ཆེན་པོ་ཞེ་དྲགས་ཆགས་ཡོད་པ་རེད་ལ།   སོ་སོའི་ངོས་ནས་ཡིན་ན་ཡང་དུས་རྒྱུན་སྐད་ཆ་བཤད་ས་རག་ཚོད་ལ་ཆིག་སྒྲིལ་གལ་ཆེན་པོ་ཡིན་སྐོར་བཤད་བསྡད་ཡོད།   རྩ་བའི་ཆ་ནས་ང་ཚོ་འཛམ་གླིང་ས་ཕྱོགས་གང་སར་འཐོར་བསྡད་ཡོད་པ་དང་ལྷག་པར་དུ་གཞིས་ལུས་སྤུན་ཟླ་མང་པོ་ཞིག་རྒྱ་ནག་དམར་པོའི་གཡོ་ཟོར་ཅན་གྱི་སྲིད་ཇུས་འོག་ན་མནར་གཅོད་མྱངས་དང་མྱོང་བཞིན་པའི་སྐབས་འདིར་བོད་མི་ཡོངས་རྫོགས་ཀྱི་རྡོག་རྩ་ཆིག་སྒྲིལ་བྱེད་དགོས་པའི་དུས་ལ་བབ་ཡོད་པ་ཞིག་དང་།    ལྷག་པར་དུ་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དང་བོད་མིའི་བདེན་མཐའ་སེལ་དགོས་པ་སོགས་ཀྱིས་མཚོན་པའི་བོད་པའི་རྩ་དོན་འཐབ་རྩོད་ཀྱི་བརྒྱུད་རིམ་ནང་མེད་དུ་མི་རུང་བ་ནི་ཆིག་སྒྲིལ་ཆགས་ཡོད་པ་རེད་ཅེས་སོགས་གསུངས་སོང་།

books_2_12_2012ཆིག་སྒྲིལ་དུས་དེབ་འདི་འདོན་འགྲེམས་བྱེད་དགོས་རྒྱུན་མཚན་དོན་ཚན་གསུམ་ཡོད་པ་ནི། དང་པོ།   དེ་སྲིད་སྐྱོང་མཆོག་གི་རྩ་བའི་རྩ་དོན་གསུམ་གཞིར་བཞག་ཐོག་བོད་ནང་གི་རྒྱལ་གཅེས་དཔའ་བོ་ཕོ་མོ་ཡོངས་ལ་སྐྱིད་སྡུག་མཉམ་མྱོང་མཚོན་ཆེད་དང་།  གཉིས་པ།  རྩོམ་པ་པོ་དང་བསམ་བློ་བ་ཚོར་བཅར་འདྲིའི་མཚོན་སློབ་གསོའི་ཁ་ཕྱོགས་ཀྱི་ཐོག་ནས་བཙན་བྱོལ་ནང་གི་ཆིག་སྒྲིལ་གྱི་གནས་ཚད་མཐོར་འདེགས་གཏོང་ཐུབ་པའི་དམིགས་ཡུལ་ཡོད།  སྤྱིར་བཏང་ད་ལྟའི་ཆར་བོད་ནང་ལ་ཆ་བཞག་ན་ཆིག་སྒྲིལ་གྱི་གནས་ཚད་ཧ་ཅང་ཚད་མཐོཌ་པོ་རེད།  ཡིན་ན་ཡང་བཙན་བྱོལ་ནང་ད་དུང་ཆིག་སྒྲིལ་ཁ་བཤད་ཙམ་མ་གཏོགས་དོན་དངོས་པོའི་ལག་ལེན་དོན་ཐོག་ཏུ་ཏོག་ཙམ་དམའ་བོ་རེད་དྲན་གྱི་ཡོད།

གསུམ་པ།  སོ་སོ་རང་ཉིད་ལ་ཆ་མཚོན་ན་ཡང་ཁ་བཤད་ཙམ་མིན་པར་ལག་ལེན་དོན་ཐོག་ཏུ་བོད་མིའི་སྐད་ཡིག་སྲུང་སྐྱོབ་ཀྱི་མཚོན་པའི་རྩ་དོན་ཆེད་ལས་ཀ་ཧུར་ཐག་བྱེད་བསམ་པའི་ཀུན་སློང་གཙང་མ་ཡོད་པས། རྒྱུ་རྐྱེན་ནམ་གནས་ལུགས་དེ་དག་ལ་བརྟེན་ནས་དུས་དེབ་འདི་འགོ་བཙུགས་པ་ཡིན་ཞེས་རྩོམ་སྒྲིག་པ་ལི་ཐ་དབྱིག་གཉེན་གྱིས་འགྲེལ་བརྗོད་གནང་སོང་།

གཞན་ཡང་༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་སུ་ཆིབས་བསྒྱུར་དང་སྟབས་བསྟུན་ནས་རྩོམ་སྒྲིག་པ་དང་། འགྲེམས་སྤེལ་པ། ཤིང་ལོའམ། བསོད་ནམས་མཆོག་ལྡན་གྱིས་དཔའ་བོ་རྗེས་དྲན་གྱི་ཚགས་པར་༼ཞི་འབོད་༽ཅེས་པའི་འདོན་ཐེངས་གཉིས་པ་རིན་མེད་ཐོག་བཀྲམ་བཞིན་ཡོད་པ་དང་། ཁོང་ལ་དེ་ལྟར་འགྲེམས་སྤེལ་བྱེད་དགོས་པའི་རྒྱུ་མཚན་སྐོར་ལ་བཅར་དྲི་ཞུས་པར། གསར་ཤོག་འདིའི་ནང་དུ། ༧གོང་ས་མཆོག་འདི་གར་ཆིབས་བསྒྱུར་གྱི་ཤིས་ཚིག་དང་། བོད་ཕྱི་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་རྗེས་དྲན་བོད་དབྱིན་རྩོམ་ཡིག་ཁག་ཉེར་བཞི་དང་། དེ་བཞིན་སྐུ་ལུས་ཞུགས་འབུལ་གནང་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཁག་གཅིག་གིས་ཞལ་ཆེམས་ཀྱང་བཀོད་ཡོད། ཕེབས་ཟིན་པའི་དཔའ་བོ་དཔའ་རྣམས་ལ་སྙིང་ཐག་པ་ནས་གུས་འདུད་དང་། ཁོང་ཚོའི་གཟི་བརྗིད་ལྡན་པའི་བློས་གཏོང་དེར་ང་ཚོའི་སེམས་གཏིང་ནས་རྟག་བརྟན་གྱི་རྡོ་རིང་བཞིན་ནམ་ཡང་ཡལ་དུ་མི་འཇུག་པའི་ཆེད་དང་། ཁོང་ཚོའི་མངོན་འདོད་བཞིན་༸གོང་ས་མཆོག་གི་གསེར་ཞལ་བོད་འབངས་ཡོངས་ཀྱི་བགོ་བསྐལ་དུ་ཐོབ་པ་དང་། སྐྱེ་རབས་འཕྲེང་བར༧གོང་ས་མཆོག་གིས་མཉེས་བཞིན་རྗེས་སུ་འཛིན་པའི་སྨོན་ལམ་གྱི་ཚབ་ཏུའང་ཡིན་ཅེས་འགྲེལ་བརྗོད་གནང་སོང་།

མོན་གྷོ་གསར་འགོད་པས།


Share this:
༡༤༥ ཀློག་གྲངས།