ཝཱཎ་རུ་གསུང་ཆོས་གནང་འཆར་གྱི་གསལ་བསྒྲགས།

ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་།

སཱརནཱཐ། ཝཱརཱཎསཱི།

ཆོས་བརྡ།

༄༅། །ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་དང་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ཟུང་འབྲེལ་གྱི་གོ་སྒྲིག་ཐོག  ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་འཛམ་གླིང་ཞེ་བདེའི་དེད་དཔོན་ཆེན་པོ་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ནས་མཉམ་མེད་སྟོན་པ་ཐུབ་པའི་དབང་པོ་མངོན་པར་རྫོགས་པ་སངས་རྒྱས་ཏེ་

ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་བའི་གནས་མཆོག་སཱརནཱཐར་ཕྱི་ལོ་ ༢༠༡༣  ཕྱི་ཟླ་ ༡ ཚེས་ ༧ ནས་ ༡༠ བར་བསྟན་འགྲོའི་བསོད་ནམས་ཀྱི་གོ་སྐལ་དམ་པར་སློབ་དཔོན་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་གསུང་ཆོས་བཀྲིན་བསྩལ་རྒྱུ་ཐུགས་གཏན་འཁེལ་ཡོད་པས་དེ་དོན་ཆོས་ཞུ་བ་རྣམས་ཀྱི་དགོངས་པར་མངའ་བའི་ཆོས་བརྡར། གསུང་ཆོས་གོ་སྒྲིག་ཚོགས་ཆུང་གིས།

Share this:
༩༩ ཀློག་གྲངས།