ཚན་རིག་དང་བཟང་སྤྱོད་སྐོར་གྱི་བགྲོ་གླེང་།

༧གོང་ས་མཆོག་གིས་བདུན་ཕྲག་གཅིག་ལྷག་གི་རིང་ཝ་རཱ་ཎ་སིར་སྤྱོད་འཇུག་གི་བཀའ་ཆོས་ལེགས་པར་གྲུབ་སྟེ། ཟླ་འདིའི་ཕྱི་ཚེས་༡༤ ཉིན་ལྡི་ལི་གཙུག་ལག་སློབ་ཁང་དུ་ཚན་རིག་དང་བཟང་སྤྱོད་ལ་གཞི་བཅོལ་བའི་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ཞེས་པའི་ལྷན་ཚོགས་སུ་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།

དེ་ཡང་༧གོང་ས་མཆོག་གིས་བདུན་ཕྲག་གཅིག་ལྷག་གི་རིང་ཝ་རཱ་ཎཱ་སིར་སྤྱོད་འཇུག་གི་བཀའ་ཆོས་ལེགས་པར་གྲུབ་སྟེ། ཕྱི་ཚེས་༡༢ དང་༡༣ ཉིན་གཉིས་རིང་ཁུལ་དེར་གནས་གཟིགས་མཛད་པ་དང་སྦྲགས། ཝར་ཎཱའི་དགེ་ལས་སློབ་ཕྲུག་རྣམས་དང། ཁུལ་དེར་རྟེན་གཞི་བྱས་པའི་བོད་དགོན་བཤད་སྒྲུབ་འདོད་རྒུ་འཁྱིལ་དུ་སེར་སྐྱ་མང་ཚོགས་ལ་བཀའ་སློབ། དེ་བཞིན་ཝར་ཎཱ་གཙུག་ལག་སློབ་ཁང་གི་ཚོགས་ཁང་དུ་ཡི་ཤུའི་བླ་ཆེན་མཆོག་དང་མཇལ་འཕྲད་ཀྱིས་བགྲོ་གླེང་སོགས་མཛད་འཕྲིན་ཁག་ཡོངས་སུ་ལེགས་གྲུབ་ཀྱིས། ཕྱི་ཚེས་༡༣ ཉིན་གྱི་ཕྱེད་ཡོལ་ཙམ་ནས་ལྡི་ལིར་ཞབས་སོར་བདེ་བར་འཁོད་ཡོད་པ་དང་།

ཕྱི་ཚེས་༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ ཐོག་ལྡི་ལི་གཙུག་ལག་སློབ་ཁང་དུ་(Delhi University)ཚན་རིག་དང་བཟང་སྤྱོད་ལ་གཞི་བཅོལ་བའི་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ (Science, Ethics and Education) སྐོར་གྱི་བརྗོད་གཞིའི་ཐོག བགྲོ་གླེང་ལྷན་ཚོགས་སུ་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་བསྩལ་ཡོད་འདུག་ལ། ལྷན་ཚོགས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་། ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་། ཝར་ཎཱ་གཙུག་ལག་སློབ་གྲྭའི་ངེས་སྟོན་པ་དགེ་བཤེས་ངག་དབང་བསམ་གཏན། དེ་བཞིན་ལྡི་ལི་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་ཨ་རིའི་ཀླད་ཁམས་རིག་པའི་མཁས་དབང་སྐུ་ཞབས་རི་ཆ་ཌི་ཌེ་ཝི་ཌི་སན་ལགས། (Richard Davidson) དང་། སྐུའི་གསུང་བསྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ། ཨ་རི་བ་ལྕམ་སྐུ་ཏ་ནི་ཡ་སིང་གར་ (Tania Singer) སོགས་ཁྱད་ལས་པ་དང་སློབ་ཕྲུག་བཅས་ཁྱོན་མི་གྲངས་༡༠༠ བརྒལ་བ་ལྷན་འཛོམས་ཀྱིས་བགྲོ་གླེང་བྱས་ཡོད་པ་རེད།

Share this:
༣༦ ཀློག་གྲངས།