རྔ་པ་ཁུལ་ཁྱུང་མཆུ་རྫོང་ཁོངས་སུ་རང་སྲེག་ངོ་རྒོལ།

chongchu zongཟླ་འདིའི་ཚེས་༡༨ ཉིན་བོད་ནང་གི་ཆུ་ཚོད་ ༣ དང་ ༡༥ ཡས་མས་ལ་རྔ་པ་ཁུལ་ཁྱུང་མཆུ་རྫོང་། སྦྲ་ཆེན་ཡུལ་ཚོའི་རུ་ཁག་གཉིས་པའི་གཙོས་རུ་མ་ནས་ཡིན་པའི་ཚེ་རིང་ཕུན་ཚོགས་སམ་གྲུབ་མཆོག་ཞེས་པ་ཞིག་གིས་རྒྱ་གཞུང་ལ་རང་ལུས་མེར་སྲེག་གིས་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་འདུག

ཁོང་གི་སྐུ་ཕུང་རྒྱ་གཞུང་ཉེན་རྟོགས་པས་འཁྱེར་ཡོད་ཀྱང་། ཨ་མཆོག་དགོན་པའི་དགེ་འདུན་པ་མང་པོ་ ཁོང་གི་ཁྱིམ་དུ་འཛོམས་ཏེ་བསྔོ་སྨོན་གསུང་གི་ཡོད་པའི་གནས་ཚུལ་འདུག

ཁོང་ནི་ཕ་ཀྱོག་པོ་དང་མ་གཡང་མཚོ་གཉིས་ཀྱི་བུ་ཡིན་པ་དང་། རང་ལོ་ ༢༡ ཡིན་པ་དང། ཁོང་གི་གཟའ་ཟླའི་མིང་ལ་རིག་པ་དང་བུ་ཕྲུག་གཉིས་ཡོད་འདུག །

chongchu zong

Share this:
༦༧ ཀློག་གྲངས།