ནང་ཆོས་དང་ཚན་རིག་སྐོར་གྱི་འགྲེམས་སྟོན།

muziom_from_mundgod2རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སུ་དྷ་ས་བོད་ཀྱི་དཔེ་མཛོ་ཁང་གིས་ངོས་ནས་དབང་པོ་ལྔའི་བྱེད་ལས་ཐད་ནས་ནང་ཆོས་དང་ཚན་རིག་གི་ལྟ་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་ཚན་རིག་གི་འགྲེམས་སྟོན་ཞིག་གོ་སྒྲིག་བྱས་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཚེས་༡༧ ནས་རྒྱ་གར་ལྷོ་ཕྱོགས་ཀརྞ་ཊ་ཀའི་མངའ་སྡེ་ཀར་ཝར་རྫོང་མོན་གྷོ་ས་གནས་བོད་མིའི་གཞིས་ཆགས་འབྲས་སྤུངས་སུ་༧གོང་ས་སྐྱབས་མགོན་ཆེན་པོ་གཆོག་དབུ་བཞུགས་ཐོག་སེམས་དང་སྲོག་གི་བགྲོ་གླེང་ཐེངས་༢༦ པ་འཚོགས་བཞིན་ཡོད་པ་དང་སྟབས་བསྟུན། ཆོས་དང་ཚན་རིག་གི་ལྟ་ཚུལ་ཞེས་པའི་སྐོར་གྱི་འགྲེམས་སྟོན་དེར་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་དབང་པོ་ལྔའི་བྱེད་ལས་ཐད་ཀྱི་མྱོང་ཚོར་དང་། དེ་ལ་རེ་རེ་བཞིན་འགྲེལ་བཤད་རྒྱག་སྟངས་སོགས་ཀྱི་སྐོར་ཡིན་པ་དང་། འགྲེམས་སྟོན་འདི་ནི་དེ་སྔོན་ཐོག་མ་རྒྱ་གར་རྒྱལ་ས་དྷི་ལིར་༧གོང་ས་མཆོག་གིས་དབུ་འབྱེད་གནང་ནས་འགྲེམས་སྟོན་ཐེངས་དང་པོ་དེ་བྱས་ཡོད་ལ།  དེ་ནས་རིམ་པའི་ཨ་རི་དང་བལ་ཡུལ་དྷ་ས་བཅས་སུ་གནང་ཡོད་པ་དང་།  ད་ཐང་གི་འགྲེམས་སྟོན་འདི་ཐེངས་ལྔ་བ་དེ་ཆགས་ཀྱི་ཡོད་པ་རེད།

muziom_from_mundgod04འགྲེམས་སྟོན་བྱེད་ཕྱོགས་དེ་ཡང་པར་དང་རི་མོ་གཅིག་པུ་ཙམ་མ་ཡིན་པར།  ཚན་རིག་གི་དགེ་རྒན་ཁག་ཅིག་ཆེད་དུ་ཕེབས་ནས།   ཚན་རིག་གི་ཐོག་ནས་གཟུགས་སྒྲ་དྲི་རོ་རེག་བྱ་བཅས་ཀྱི་མྱོང་ཚོར་དག་འབྲེལ་བཤད་བྱེད་སྐབས་དཔང་རྟགས་ར་སྤྲོད་ཡོང་རྒྱུའི་ཆེད་དུ་ལག་བསྟར་གྱི་སྟབས་བདེ་བོ་དེ་འདྲའི་ཐོག་ནས་མི་མང་ལ་ངོ་སྤྲོད་དམ་འགྲེལ་བརྗོད་བྱེད་བཞིན་འདུག་ལ།   དེ་དང་ཆབ་གཅིག་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ལས་བྱེད་དང་སློབ་ཕྲུག་ཚོས་ཕབས་བསྒྱུར་བྱས་པའི་དཔེ་དེབ་ཁག་དང་དེ་བཞིན་ཚན་རིག་གི་འགྲེམས་སྟོན་འདི་འགོ་འཛུགས་གནང་བ་ནས་བཟུང་།   བོད་ཀྱི་པདེ་མཛོད་ཁང་གིས་བསྒྱུར་སྒྲིག་བྱས་པའི་ཚན་རིག་གི་དུས་དེབ་སོགས་དཔེ་དེབ་ཁག་བརྒྱད་ཙམ་འགྲེམས་སྤེལ་བྱེད་ཀྱི་ཡོད་པ་རེད།

muziom_from_mundgod1གཞན་ཡང་ཟླ་འདིའི་ཚེས་༡༦ ནས་བཟུང་༢༡ བར་དགོང་དྲོའི་ཆུ་ཚོད་༦་༣༠ ཕྱེད་ནས་༧་༣༠ བར་སེམས་དང་སྲོག་གི་ཚན་རིག་གི་བགྲོ་གླེང་འདི་དང་སྟབས་བསྟུན་ནས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དབུས་ས་གཉིས་ནས་ལས་བྱེད་ཁག་གཅིག་ཆེད་ཕེབས་ཀྱིས་གོ་སྒྲིག་འོག་བགྲོག་གླེང་ཞིག་འབྲས་སྤུངས་བདེ་ཡང་གྲྭ་ཚང་གི་འདུ་ཁང་ནང་འཚོགས་བཞིན་ཡོད་པ་དང་།  བགྲོ་གླེང་དེར་ནང་ཆོས་དང་ཚན་རིག་ལ་མཁས་པ་ སྐུ་མགྲོན་གཙོ་བོ་གཉིས་རེ་གདན་འདྲེན་བྱེད་བཞིན་ཡོད་པ་མ་ཟད།  བགྲོ་གླེང་དེ་བརྙན་འཕྲིན་ཐོག་ཐད་གཏོང་བྱེད་བཞིན་ཡོད་པ་རེད་འདུག །

མོན་གྷོ་གསར་འགོད་པས།

Share this:
༡༢༠ ཀློག་གྲངས།