མུ་མཐུད་ལས་འགུལ་སྤེལ་ཕྱོགས་ལ་བགྲོ་གླེང་།

བཀའ་སྤྱི་གཉིས་ཀྱིས་སྣེ་ཁྲིད་པའི་བོད་མི་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཉིན་བཞིའི་རིང་སྤེལ་གྲུབ་པ་དང་། ཟླ་འདིའི་༣ བོད་མི་མང་སྤྱི་འཐུས་རྣམ་པས་མ་འོངས་ལས་འགུལ་སྤེལ་ཕྱོགས་སྐོར་ལ་བགྲོ་གླེང་ཞིག་འཚོགས་ཡོད་པ་རེད།

དེ་ཡང་བོད་གཞུང་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་ ༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ ནས་ཆུ་ཚོད་ ༡། ༣༠ བར་ལྡི་ལི་བོད་སྒར་བསམ་ཡས་གླིང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་ཁང་དུ། བོད་ མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་གིས་དབུས་སྤྱི་འཐུས་ ༣༤ ལྷན་འཛོམས་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ཏེ་མ་འོངས་རྩིས་ ལོ་ (༢༠༡༣༌༌༌༡༤) གསར་པའི་ནང་ལས་འགུལ་སྤེལ་ཕྱོགས་སྐོར་སོགས་ལ་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་དང་། ལས་དོན་འཆར་སྒྲིག་གནང་ཕྱོགས། ད་བར་གྱི་ལས་དོན་ལ་བསྐྱར་ཞིབ་དང་འབྲེལ་བའི་གནས་སྟངས་སྐོར་སོགས་ལ་བཀའ་བསྡུར་སྦྱངས་བཤད་གནང་ཡོད་འདུག །

Share this:
༥༨ ཀློག་གྲངས།