རང་བཙན་གསལ་བསྒྲགས་སྤེལ་ནས་ལོ་༡༠༠ འཁོར་བའི་དུས་དྲན།

sft_d_2013_2ཕྱི་ཟླ་༢ ཚེས་༡༣ དང་བོད་ཀྱི་ལོ་སར་ཚེས་༣ ཉིན་ནི་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་རང་བཙན་བསྐྱར་ནན་གྱི་གསལ་བསྒྲགས་སྤེལ་ནས་ལོ་བརྒྱ་འཁོར་བའི་ཉིན་མོ་ཡན་པས། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་རྣམ་པ་འདྲ་མིན་གི་སྒོ་ནས་དུས་དྲན་སྲུང་བརྩི་བྱ་འཆར་ཡོད་པ་རེད།

དེ་ཡང་ལྡི་ལི་ས་གནས་ཀྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཚེ་རིང་བཀྲ་ཤིས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཚེས་༡༣ ནས་བརྩིས་པའི་ལོ་བརྒྱའི་ཡར་སྔོན་དུ།  རྒྱ་ནག་མན་ཇུའི་གནོན་ཤུགས་འོག་བཙན་བྱོལ་དུ་ཕེབས་པའི་༧རྒྱལ་དབང་སྐུ་ཕྲེང་༡༣ པ་མཆོག་རྒྱ་གར་ནས་ཕྱིར་རང་ཡུལ་དུ་ཕེབས་ཏེ་ལོ་རྒྱུས་ཐོག་བོད་རང་བཙན་གཙང་མ་ཡིན་པའི་བསྒྲགས་གཏམ་སྤེལ། ལོ་རྒན་བརྒྱ་ཏག་ཏག་འཁོར་བའི་ལོ་རྒྱུས་རང་བཞིན་གྱི་ཉིན་མོ་གལ་ཆེན་དེ་སྲུང་བརྩི་བྱེད་པའི་ཆེད་དུ།  བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་སྔ་ལོ་ནས་བཟུང་ལས་འགུལ་རབ་དང་རིམ་པ་ཞིག་སྤེལ་བ་རེད་ལ། ད་ལོའི་ཟླ་གཉིས་པའི་ཚེས་༡༣་ཉིན་ལའང་འཛམ་གླིང་གི་ས་ཕྱོགས་གང་སར་ཉིན་གཅིག་དུས་གཅིག་ལ་རྣམ་པ་མི་འདྲ་བའི་ལས་འགུལ་སྣ་མང་ཞིག་སྤེལ་འཆར་ཡོད་ལ།  རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆ་མཚོན་ནའང་།  ལྡི་ལི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་༼བོད་ཀྱི་རང་བཙན་ཉིན་མོའི་༽དུས་དྲན་དང་བསྟུན་བོད་མི་རིགས་ཀྱི་འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་བབ་སྐོར་རྒྱ་གར་གྱི་གཞོན་སྐྱེས་མི་སྣའི་ཁྲོད་དུ་གོ་རྟོགས་སྤེལ་རྒྱུའི་ལས་འཆར་གང་མང་བསྒྲིགས་ཡོད་པ་རེད།

sft_d1_2013_2དང་པོ་ ཟླ་འདིའི་ཚེས་༡༡ ཉིན་གྱི་ཞོགས་པའི་ཆུ་ཚོད་༩ (ལོ་སར་ཚེས་གཅིག) ༧གོང་ས་རྒྱལ་དབང་སྐུ་ཕྲེང་༡༣ པ་མཆོག་གིས་བོད་རང་བཙན་གསལ་བསྒྲགས་བསྐྱངས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩི་ཡི་སྔོན་འགྲོའི་ལས་འགུལ་གྱི་ཚུལ་དུ།  ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་རྒྱང་རིང་རྒྱུག་ཤར་འགྲན་སྡུར་ཞིག་གོ་སྒྲིག་བྱས་ཡོད་པ་དང་། གཉིས་པ།  ཟླ་འདིའི་ཚེས་༡༣ ཉིན་གུང་ཆུ་ཚོད་༡ནས།(ལོ་སར་ཚེས་པ་གསུམ།) ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་རྒྱ་གར་གྱི་མཁས་དབང་ཁག་ཅིག་གདན་ཞུས་ཐོག་ལོ་རྒྱུས་ཐོག་གི་ཧིན་བོད་གཉིས་ཀྱི་འབྲེལ་བ་དང་།  ད་ལྟའི་བོད་ཀྱི་གནས་བབས་སྐོར་ལ་གོ་བསྡུར་གཏམ་གླེང་ཞིག་གོ་སྒྲིག་བྱས་ཡོད་པ་རེད། ད་དུང་རྒྱ་གར་གྱི་གཞོན་སྐྱེས་ཚོར་བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་འབྲེལ་བའི་གཞས་སྣ་གཟིགས་འབུལ་དང་། བོད་ནང་གི་རྩོམ་པ་པོ་ཁག་ཅིག་གིས་བྲིས་པའི་སྙན་ཚིག་དང་རང་ལུས་མེར་སྲེག་གཏོང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཁག་ཅིག་གིས་བཞག་པའི་ཁ་ཆེམས་ཡི་གེ་ཁག་ཀྱང་གྱེར་འདོན་བྱེད་འཆར་ཡོད་པ་རེད།

དེ་བཞིན་དྷ་སར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་ཚེས་༡༣ ཉིན་བགྲོ་གླེ་ཞིག་གོ་སྒྲིག་བྱས་ཡོད་པ་དང་། ལྡི་ལིར་ཉིན་གཉིས་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རང་བཙན་ཚོགས་ཆེན་ཞིག་འཚོག་གི་ཡོད་པ་རེད།།sft_d2_2013_2

Share this:
༧༧ ཀློག་གྲངས།