ཧི་མ་ཅལ་སྦིར་ས་གནས་སུ་བོད་དོན་ལས་འགུལ།

ཟླ་འདིའི་ཚེས་༡༠ ཧི་མ་ཅལ་མངའ་སྡེའི་སྦིར་ས་གནས་ཀྱི་གཞིས་ཆགས་ཁག་མཉམ་འབྲེལ་ཐོག ཅོན་ཏ་ར་རྒྱ་གར་སློབ་གྲྭའི་རྩེད་ཐང་དུ་བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༤ པ་སྲུང་བརྩི་བྱས་ཡོད་པ་རེད།

ས་གནས་མགོ་འཛིན་གསུམ་གཙོས་ས་གནས་འཐུས་ཚོགས་དང་། བོད་མི་མང་སྤྱི་འཐུས། དགོན་སྡེ་ཁག་གི་འཐུས་ཚབ། ས་གནས་ཀྱི་མི་མང་བཅས་མཉམ་འདུ་འཛོམས་ཐོག བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་གིས་སྤྱི་འཐུས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་དང་། སྡེ་དགེ་གཞིས་མགོ་ཚེ་རིང་ཕུན་ཚོགས་ཀྱིས་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་བ་དང་། དེ་རྗེས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་གསུངས་བ་དང་། སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེ་བློན་ཆེན་ཟུར་བ་ཊ་གོར་གྷུ་ལབ་སྲིང་གིས་མར་མེ་ཞལ་འབྱེད་དང་། མི་མང་ལ་གཏམ་བཤད་གནང་ཡོད་འདུག

ཉིན་རྒྱབ་སེར་སྐྱ་མི་དམངས་རྣམས་པ་ལིམ་པུར་ཁྲོམ་གཞུང་དུ་ཕེབས་ནས་བྱང་ཆུབ་སེམས་མཆོག་འུར་འདོན་བྱེད་བཞིན་གོམ་བགྲོད་གནང་བ་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཁག་གིས་གཏམ་བཤད་གནང་ཡོད་པ་རེད།།bir_2013_3_10bir1_2013_3_10

Share this:
༤༢ ཀློག་གྲངས།