མོན་གྷོ་རུ་བུད་མེད་སྒེར་ལངས་ཀྱི་དུས་དྲན་སྲུང་བརྩི།

mundgod12_13_1

ཟླ་འདིའི་ཚེས་༡༢་ཉིན་གྱི་ཞོགས་པ་ཆུ་ཚོད་༩ པའི་ཐོག་འདི་ག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བུད་མེད་སྒེར་ལངས་ཐེངས་༥༤་པའི་དུས་དྲན་སྲུང་རྩིའི་མཛད་སྒོ་ཞིག་མོན་གྷོ་ས་གནས་གཞིས་སྤྱིའི་ཚོགས་ཁང་དུ་འཚོགས་ཡོད་པ་དང་།

mundgod12_13_0ཚོགས་ཐོག་ཏུ་སྐུ་མགྲོན་གཙོ་བོ་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་ལགས་དང་ས་འཐུས་ཚོགས་གཙོ་གུ་རུ་རྒྱལ་མཚན་རྣམ་གཉིས་ཀྱི་གཙོས་གདན་ས་གྲྭ་ཚང་ཁག་དང་གཞིས་གྲོང་ཁག་གི་སྤྱི་མི་ཕྱག་མཛོད་རྣམ་པ་བཅས་ལས་ཀྱི་སྣེ་མོ་བ་ཁག་གཅིག་དང་།  དེ་བཞིན་མོན་གྷོ་ས་གནས་བཙུན་དགོན་བྱང་ཆུབ་ཆོས་གླིང་གི་བཙུན་མ་རྣམ་པ་དང་།  བུད་མེད་ལྷག་ཚོགས་ཀྱི་ཚོགས་མི་རྣམ་པ་བཅས་རྒྱས་འཛོམས་གནང་ནས། ཐོག་མར་༧གོང་ས་མཆོག་གིས་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་གུས་ཕྱག་དང་མཇལ་དར་སྒྲོན་འབུལ་གནང་གྲུབ་པ་དང་།  ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་གྲུབ་རྗེས་བོད་བསྟན་སྲིད་ཆེད་དུ་རང་སྲོག་བློས་བཏང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ལ་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་རིང་གནང་།

དེ་ནས་ས་གནས་བེུད་ཚོགས་གཙོ་མཚམས་གཅོད་ལགས་ཀྱིས་དབུས་བེུད་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་གནང་གྲུབ་པ་དང་།

mundgod12_13_1

དམིགས་བསལ་སྐུ་མགྲོན་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་དང་། ས་འཐུས་ཚོགས་གཙོ་རྒན་གུ་རུ་རྒྱལ་མཚན་གཉིས་ཀྱིས་རིམ་པའི་དུས་དྲན་སྲུང་བརྩི་དང་འབྲེལ་བའི་ལམ་སྟོན་གསུང་བཤད་གནང་དོན།   ཕྱི་ལོ་༡༩༥༩་ནས་ད་ལྟ་བར་ཀྱི་རྒྱལ་ཞེན་དང་སྙིང་སྟོབས་ལ་འཇིགས་ཞུམ་མེད་པའི་རྒྱལ་གཅེས་བོད་ཀྱི་བུད་མེད་ཚོར་བསྔགས་བརྗོད་དང་ཡི་རངས་ཡོད།

དེ་བཞིན་འབྱུང་འགྱུར་ཡང་བོད་རྒྱལ་ཁབ་དང་མི་རིགས་འདིའི་བསྟན་སྲིད་ཆེད་དུ་བོད་ཀྱི་བེུད་ཚོས་བོད་པའི་སྤྱི་ཚོགས་ཁྲོད་ཆིག་སྒྲིལ་དང་འཆམ་མཐུན་གཞིར་བཟུང་ཐོག་བདེན་དོན་འཐབ་རྩོད་བྱེད་རྒྱུར་ནུས་ཤུགས་མཐོར་འདེགས་ཡོང་ཐབས་ལ་འབད་རྩོན་གནང་དགོས་སྐོར་དང་། ལྷག་དོན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་བུད་མེད་ཀྱི་ནུས་ཤུགས་གོང་མཐོར་གཏོང་ཐབས་སོགས་ཀྱི་ཐད་ནུས་ཤུགས་འདོན་དགོས་པ་རེད་ཅེས་སོགས་དུས་དྲན་དང་འབྲེལ་བའི་ལམ་སྟོན་གསུང་བཤད་ཟབ་རྒྱས་གནང་སོང་།

mundgod12_13_2དེ་ནས་བོད་བསྟན་སྲིད་སྤྱི་དང་བྱེ་བྲག་༧གོང་ས་མཆོག་གི་སྐུ་ཚེ་བརྟན་ཆེད་བཅས་སུ་དམིགས་ནས་ཆུ་ཚོད་ཕྱེད་རིང་ཞབས་རིམ་གསོག་སྒྲུབ་གནང་གྲུབ་པ་དང་ཉིན་འདིའི་དུས་དྲན་སྲུང་རྩིའི་མཛད་སྒོ་གྲོལ་ཡོད་པ་རེད།

མོན་གྷོ་གསར་འགོད་པས།

Share this:
༧༦ ཀློག་གྲངས།