མདོ་སྨད་ཆོལ་ཁའི་དམིགས་བསལ་ཚོགས་ཆེན་དྷ་སར་འཚོགས་པ།

dhomay_2013_3_14ཟླ་འདིའི་ཚེས་༡༤ ནས་ཉིན་གཉིས་རིང་མདོ་སྨད་དབུས་རྒྱུན་ལས་ཁང་གི་འཆར་ཅན་དམིགས་བསལ་ཚོགས་ཆེན་དེ་དྷ་ས་ཀིརྟི་དགེ་རྩའི་ཚོགས་ཁང་དུ་འཚོགས་པ་དང་། ཚོགས་ཐོག་དེར་གཙོ་བོ་༧གོང་ས་མཆོག་ལ་གྱ་སྟོན་གོ་སྒྲིག་ཞུ་ཕྱོགས་སྐོར་ལ་བགྲོ་གླེང་བྱེད་རྒྱུ་ཡིན་པ་རེད།

ཚོགས་འདུ་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཐུབ་བསྟན་ལུང་རིགས་དང་། དམིགས་བསལ་སྐུ་མགྲོན་བཀའ་ཟུར་རིན་ཆེན་མཁའ་གཉིས་ཀྱིས་བོད་མི་ཚང་མ་༧གོང་ས་མཆོག་གི་ལམ་སྟོན་གནང་བའི་དབུ་མའི་ལམ་གྱི་སྲིད་ཇུས་ཐོག་ཤར་བསྐྱོར་དགོས་སྐོར་གསུངས་སོང་། ཚོགས་དེར་མདོ་སྨད་སྤྱི་འཐུས་ཁག་ཅིག་དང་། ས་གནས་ཁག་༣༠ ཙམ་ལ་རྒྱུན་ལས་ཡོད་པའི་ནང་ནས་ས་གནས་ཁག་༢༡ ཙམ་གྱི་སྐུ་ཚབ་ཚོགས་ཞུགས་བྱས་ཡོད་པ་རེད།

dhomay_2013_3_14

ཉིན་གཉིས་ཀྱི་མཛད་རིམ་སྐོར་མདོ་སྨད་དབུས་རྒྱུན་ཚོགས་གཙོ་བསྟན་པའི་དངོས་གྲུབ་ཀྱིས་གསུང་དོན། གཙོ་བོ་གཅིག་ལོ་སྔོན་མའི་མདོ་སྨད་ཚོགས་ཆེན་ཐོག་སོ་སོའི་ཕ་མ་ཡིན་ནའང་། ལོ་བརྒྱད་ཅུ་ཟིན་སྐབས་གྱ་སྟོན་བྱེད་རྒྱུའི་ལུགས་སྲོལ་ཞིག་འདུག དེར་བརྟེན་མདོ་སྨད་ཆོལ་ཁའི་ངོས་ནས་༧གོང་ས་མཆོག་ལ་གྱ་སྟོན་དགོས་པ་རེད་ཅེས་གྲོས་ཆོད་བྱུང་བ་རེད། དེ་རྗེས་༧གོང་ས་མཆོག་ལ་གསོལ་འདེབས་ཞུས་པ་ལྟར་ཞལ་བཞེས་གནང་ཡོད་པས། ད་ཐེངས་ཉིན་དང་པོར་གྱ་སྟོན་སྐོར་ལ་གྲོས་བསྡུར་བྱེད་རྒྱུ་དང་གྲ་སྒྲིག་ཚོགས་ཆུང་འཛུགས་རྒྱུ་དེ་ཡིན། དེ་ནས་ཉིན་གཉིས་པར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་། མདོས་སྨད་ཆོལ་ཁའི་ལངས་ཕྱོགས་དེ་དབུ་མའི་ལམ་ཡིན་པས། དེའི་ཐོག་ག་རེ་བྱེད་རྒྱུ་ཡོད་སྐོར་རེད། བོད་ནང་གི་ཛ་དྲག་སྐོར་ལ་ཡང་མདོ་སྨད་ཆོལ་ཁའི་ངོས་ནས་ལག་ལེན་ལ་ཁེལ་ཐུབ་པ་ག་རེ་དགོས་པའི་སྐོར་དང་། དེ་བཞིན་མདོ་སྨད་དབུས་ས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་ཕྱོགས་སྐོར་རེད་ཅེས་འགྲེལ་བརྗོད་གནང་སོང་།

དེ་བཞིན་དབུས་རྒྱུན་གྱི་ལས་བསྡོམས་ནང་བོད་དོན་དང་འབྲེལ་བའི་སྤེལ་ག་རེ་སྤེལ་ཡོད་མེད་སྐོར་དང་། མདོ་སྨད་ཀྱི་སློབ་མ་ཚོའི་སློབ་སྦྱོང་ཆེད་རོགས་སྐྱོར། ཉམས་ཐག་ལ་རོགས་སྐྱོར་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད་སྐོར་འཁོད་ཡོད་པ་རེད།།

Share this:
༡༡༠ ཀློག་གྲངས།