༧གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་འཁོད་པ།

2013_3_30_1

༧གོང་ས་མཆོག་གིས་ཐེངས་འདིར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། འབྲས་ལྗོངས་ཁུལ་དུ་བདུན་ཕྲག་གཅིག་ལྷག་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ། དེ་རིང་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རྒྱ་ཆེའི་མང་ཚོགས་ཀྱི་ཕེབས་བསུའི་ཁྲོད་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་སོང་།

2013_3_30_1དེ་ཡང་༧གོང་ས་མཆོག་ཟླ་འདིའི་ཚེས་༢༡ ཉིན་བཞུགས་སྒར་ནས་ཕེབས་ཐོན་གྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། འབྲས་ལྗོངས་ཁུལ་དུ་བདུན་ཕྲག་གཅིག་ལྷག་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ། ཟླ་འདིའི་ཕྱི་ཚེས་༣༠ ཉིན་གྷལ་གྷལ་གནམ་ཐང་དུ་ཞབས་སོར་འཁོད་སྐབས། དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་ཕེབས་བསུ་དང་། དེ་བཞིན་ལམ་བར་གྱི་ས་ཚིགས་ཁག་ནས་རྒྱ་ཆེའི་མང་ཚོགས་ཀྱི་ཕེབས་བསུའི་ཁྲོད་བཞུགས་སྒར་དྷ་སར་ཞབས་སོར་བདེ་བར་འཁོད་སོང་།

 

 

 

 

 

 

 

 

Share this:
༡༤༥ ཀློག་གྲངས།