དབྱིན་ཇིའི་སྲིད་བློན་ཟུར་པ་ཞིག་འདས་གྲོངས།

དབྱིན་ཇིའི་ལོ་རྒྱུས་ནང་གི་བུད་མེད་སྲིད་བློན་ཆེས་ཐོག་མ་ལྕམ་(Margaret • Thatcher)མཱར་ལྒར་ཐི་ཟླ་འདིའི་ཕྱི་ཚེས་༨ ཉིན་གྱི་ཞོགས་པར་སྐུ་གྲོངས་ཡོད་འདུག

དེའང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། དབྱིན་ཇི་བློན་ཆེན་ཟུར་པ་ལྕམ་མར་ལྒར་ཐི་ཟླ་འདིའི་ཕྱི་ཚེས༨ ཉིན་གྱི་ཞོགས་པར་མགོའི་ན་ཚའི་རྐྱེན་པས་སྐུ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ད་ལོ་དགུང་ལོ་༨༧ ཡིན་འདུག ལྕམ་མཱར་ལྒར་ནི་དབྱིན་ཇིའི་ལྒི་རཱན་ཐཱ་མར་གྲོང་ཁྱེར་དུ་ཕྱི་ལོ་༡༩༢༥ལོའི་ཟླ་༡༠པའི་ཚེས༡༣ སྐུ་འཁྲུངས་པ་དང་། ༡༩༤༣ ལོར་ཨོ་ལྒི་སི་ཧྤོ་ཌི་སློབ་ཆེན་དུ་སློབ་ཞུགས་ཀྱིས་རྫས་འགྱུར་སྦྱངས། ཁོང་མོ་སློབ་ཆེན་དུས་སྐབས་སུ་དམ་སྲུང་ཚོགས་པར་འཛུལ་ཞུགས་བྱས་པ་མ་ཟད། ཨོ་ལྒི་སི་ཧྥོ་ཌི་སློབ་ཆེན་གྱི་དམ་སྲུང་མཐུན་ཚོགས་ཀྱི་ཚོགས་གཙོའི་འགན་བཞེས། ༡༩༥༩ ལོར་དམ་སྲུང་ཚོགས་པའི་འཐུས་མིར་བདམས། ༡༩༧༥ ལོའི་ཟླ་༢ པར་ཚོགས་པ་དེའི་དབུ་ཁྲིད་དུ་བདམས་ཐོན་བྱུང་། ༡༩༧༩ ལོའི་ཟླ༥ པར་འོས་འགྲན་རྒྱལ་ཁ་ཐོབ་སྟེ་རྒྱལ་ཁབ་ཀྱི་སྲིད་བློན་གྱི་འགན་བཞེས་པ་དང་། དབྱིན་ཇིའི་ལོ་རྒྱུས་ཐོག་གི་བུད་མེད་སྲིད་བློན་ཆེས་ཐོག་མར་གྱུར།༡༩༨༣ ལོའི་ཟླ༦ དང་༡༩༨༧ ལོའི་ཟླ༦ བསྟུད་མར་སྲིད་བློན་གྱི་འོས་ཐོབ། ཕྱི་ལོ༡༩༩༠ ལོའི་ཟླ༡༡ ནང་སྲིད་བློན་གྱི་ལས་གནས་ནས་བགྲེས་ཡོལ་དུ་ཕེབས་ཡོད་པ་དང་།༡༩༩༢ ལོའི་ཟླ༦ པར་སྐུ་ཚེ་གང་བོར་སྐུ་དྲག་གི་མཚན་གནས་ཕུལ་ཡོད་པ་རེད།༢༠༡༣ ལོའི་ཟླ༤ པའི་ཚེས་༨ ཉིན་གྱི་ཞོགས་པར་སྐུ་འདས་སུ་ཕྱིན་ཡོད་འདུག

Share this:
༦༩ ཀློག་གྲངས།