འཇར་མན་གྱི་སློབ་གྲྭ་ཞིག་ཏུ་མེ་མདའི་དོན་རྐྱེན།

རྩེད་མོའི་རིགས་ལ་འདུན་ལམ་ཡོད་མཁན་ཞིག་ཀྱང་རེད་ཅེས་བརྗོད་ཡོད་པ་རེད།  དོན་རྐྱེན་འདིའི་འབྱུང་རྩ་གཞན་ཞིག་ཡོད་པ་ནི་ལག་དམར་བའི་ཨ་ཕ་མེ་མདའི་རྩེད་རིགས་མཐུན་ཚོགས་ཀྱི་འཐུས་མི་ཡིན་པ་དང༌། མེ་མདའ་འགའ་ཡོད་པ་རྣམས་དེབ་སྐྱེལ་བྱས་ཡོད་རུང༌། ལག་དམར་བས་བེད་སྤྱོད་བྱས་པའི་མེ་མདའ་དེ་རྒྱུན་དུ་མེ་མདའ་འཇོག་སར་མེད་པར་ས་ཆ་གཞན་ཞིག་ནས་བཏོན་ཡོད་པའི་དོགས་གཞི་བྱུང་ཡོད་པ་དང༌། དབྱེ་ཞིབ་པ་མང་ཆེ་བས་མེ་མདའ་དེ་རྒྱུན་དུ་ལག་དམར་བའི་ཉལ་ཁང་དུ་གསང་ཉར་བྱས་ཡོད་ཚུལ་འགྲེལ་བརྗོད་བྱས་ཡོད་པ་རེད།    ལག་དམར་བ་དང་འབྲེལ་འདྲིས་ཆེ་བའི་སློབ་མ་འགས། ཁོས་ཉིན་ཁ་ཤས་སྔོན་གང་སར་དགའ་རོགས་བཙལ་ཡོད་ཀྱང་ད་ལྟའི་བར་གཅིག་ཀྱང་མ་རག་པས། ངོ་ཚ་ཁ་སྐྱེངས་ཀྱིས་གང་བྱུང་མང་བྱུང་མེ་མདའ་བརྒྱབ་པ་ཞིག་རེད་ཅེས་བཤད་ཡོད་པ་རེད།
     ཡང་སྲོག་ཐར་བའི་བུ་མོ་ཞིག་གིས། ཁོ་གློ་བུར་དུ་ང་ཚོའི་འཛིན་ཁང་ནང་འཛུལ་ཏེ་ཁྱེད་ཚོ་ཚང་མ་ད་དུང་ཡང་ཤི་མི་འདུག་ཟེར་ནས་མེ་མདའ་གང་བྱུང་བརྒྱབ་སོང༌། ངས་ངའི་གྲོགས་མོ་ཕྱིར་འཐེན་ཏེ་ཞལ་བ་སྟེང་མར་ཉལ་ནས་ཡིབས་པ་ཡིན། སྐབས་དེར་ལག་མར་བ་ཕྱི་ལོག་ཏུ་ཕྱིན་སོང་ཡང༌། སྐར་ཆ་འགའི་རྗེས་ཡང་བསྐྱར་འཛིན་ཁང་ནང་འཛུལ་ཏེ་མེ་མདའ་གང་བྱུང་མང་བྱུང་བརྒྱབ་སོང༌། དེ་ནས་སྒེའུ་ཁུང་ནས་ཐོན་ཏེ་བྲོས་སོང་ཡང་ང་ཚོ་འཇིགས་སྐྲག་གིས་དབུགས་ཡང་ཡག་པོ་བཏང་ཐུབ་མ་སོང་ཟེར།
    ཉེན་རྟོག་པ་ཞིག་གིས་ལག་དམར་བ་སློབ་གྲྭ་ནས་ཕྱིར་བྲོས་པ་དང་མོ་ཊ་བཙན་ཁྲིད་ཀྱིས་ཁ་ལོ་བ་གཏའ་མར་ཉར་ཐབས་བྱས་ཡོད་ཀྱང༌། དེ་ལྟར་མ་བྱུང་སྟབས་མོ་ཊ་འཇོག་སར་མི་ ༢ ལ་མེ་མདའ་བརྒྱབ་སྟེ་བསད་པ་དང༌། རྗེས་འདེད་གཏོང་བཞིན་པའི་ཉེན་རྟོག་པ་དང་འཐབ་འཛིང་གིས་ཁོའི་རྐང་པར་རྨས་སྐྱོན་བཏང་བས། ཁོ་ཉེན་རྟོག་པས་གསོན་བཟུང་བྱ་རྒྱུར་འཇིགས་སྣང་སྐྱེས་ཏེ་རང་སྲོག་བཅད་སོང་ཞེས། གསར་ལམ་ཁག་ལ་འགྲེལ་བརྗོད་བྱས་ཡོད་པ་རེད།
    དོན་རྐྱེན་འདི་འདྲ་ད་ཐེངས་གསར་པ་མིན་པ་དང་ཕྱི་ལོ་ ༢༠༠༢ ལོར་འཇར་མན་སློབ་གྲྭ་ཞིག་ཏུ། དགེ་རྒན་ ༡༤ དང་སློབ་མ། ཉེན་རྟོག་པ་སོགས་མང་པོ་བསད་མྱོང་བ་དང༌། དེ་བཞིན་ཨ་རི་སོགས་སུའང་འདི་འདྲའི་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

Share this:
༤༥ ཀློག་གྲངས།