༄༅།།གནས་འདིའི་དྲྭ་ཚོགས་ཡོངས་ལ་ཕུལ།

ངས་དུས་ཚོད་ནམ་ཡོད་ལ་རྩོམ་ཡིག་རེ་བྲིས

ཕྱོགས་གཅིག་ནས་བཤད་ན་ང་ལ་ཉིན་གཅིག་གི་དུས་ཚོད་སྟོང་པ་ཆུ་ཚོད་གསུམ་ལས་མེད།

འོན་ཀྱང་ངས་རང་ཉིད་རྩོམ་རིག་ལ་དགའ་དྲག་པས

གང་ཐུབ་ཀྱིས་གནང་འདི་ན་རྩོམ་ཡིག་འཁྱར་འཁྱོར་རེ་སྤེལ་བཞིན་ཡོད

གང་ཡིན་ཟེར་ན

ཕྱོགས་གཅིག་ནས་གནས་འདི་ན་ཟིན་བྲིས་ཀྱི་གྲོང་ཁྱེར་ཆེན་པོ་ཞིག་དང

རང་ཉིད་ཀྱི་རྩོམ་ཡིག་ལ་གྲོགས་པོ་གང་མང་ཞིག་གིས་དགོངས་འཆར་ཐོབ་ཕྱིར་ཡིན

འདི་ལྟར་ངས་བང་ཆེན་ཚང་ལ་ཟིན་བྲིས་སྤེལ་ནས་ལོོ་ངོ་གཅིག་ལ་ཉེ་བར་སྣང

ངོ་མ་བཤད་ན་ངས་བྲིས་པའི་རྩོམ་ཡིག་གི་ཁ་གྲངས་མང་པོ་མེད

འོན་ཀྱང་ཡོད་ཚད་རྟོག་བཏགས་ལས་གྲུབ་པ་ཞིག་མ་ཡིན་པར

དངོས་ཡོད་འཚོ་བའི་ཐོག་ནས་བྲིས་པ་རྐྱང་ཡིན

ངས་རྩོམ་ཡིག་རེ་སྤེལ་རྗེས་སུ

ངའི་རྩོམ་ཡིག་འདི་ལ་དགོངས་འཆར་ཐོབ་མིན་གྱི་རེ་བས

ཉིན་ལྟར་ལྟ་བཞིན་ཡོད

རང་ཉིད་ཀྱིས་ཀྱང་གྲོགས་པོ་གང་མང་ཞིག་ལ་དགོངས་འཆར་བཤད་ཡོད

འོན་ཀྱང་ཕྱོགས་ཡོངས་ཀྱི་རྩོམ་ཡིག་ལ་བལྟས་རྗེས

སུ་ཞིག་གི་རྩོམ་ཡིག་ཡིན་རུང་ཀློག་གྲངས་ཧ་ཅང་གི་མང་པོ་རེད་འདུག་མོད

དགོངས་འཆར་ནི་རེ་གཉིས་ལས་མི་འདུག

དེས་རྐྱེན་པས་གྲོགས་པོ་གང་མང་ཞིག་གིས་རྩོམ་ཡིག་སྤེལ་རྒྱུ་ལ་ཉོབ་སྣང་བྱེད་ཀྱི་མེད་དམ་སྙམ

གང་ལྟར་ཡང་འདི་ནི་ང་ཚོ་མི་རེ་ངོ་རེ་ནས་འགན་ཁུར་དགོས་པའི་གནད་ཤིག་ཡིན་པར་འདོད།།

Share this:
༡༠༡ ཀློག་གྲངས།