བུད་མེད་སྒེར་ལངས་ཀྱི་ཉིན་མོ།

བུད་མེད་ལྷན་ཚོགས་ཀྱི་དྲུང་ཆེ་དང་ཉམས་ཞིབ་པ་གཉིས་ཀྱིས། བོད་སྐད་དང་དབྱིན་སྐད་ཐོག་ནས་བུད་མེད་ལྷན་ཚོགས་ཀྱི་སྒེར་ལངས་ཉིན་མོའི་གསུང་བཤད་སྒྲོགས་སྦྱང་གནང་ཡོད་པ་རེད། དེ་ནས་བཀའ་ཟུར་རིན་མཁའ་འགྲོ་སོགས་ཀྱིས་ཞི་བདེ་མཚོན་པའི་ཕུག་རོན་མཁའ་དབྱིངས་སུ་གློད་རྗེས། བུད་མེད་ཀྱི་འཐབ་རྩོད་དང་འབྲེལ་བའི་དཔེ་དེབ་ཁག ༦ དྲུག་དབུ་འབྱེད་དང༌། ལོ་མང་རིང་གསོག་ཉར་བྱས་པའི་བོད་དོན་འཐབ་རྩོད་དང་འབྲེལ་བའི་པར་རིས་རྣམས་འགྲེམས་སྟོན། རི་མོའི་འབྲི་རྩལ་འགྲན་སྡུར་སོགས་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།     དེ་བཞིན་གཙུག་ལག་ཁང་ནས་ཀཱ་ཅ་རིའི་བར་བོད་ནང་བཙོན་པ་གློད་གྲོལ་དགོས་པ་སོགས་ཀྱིས་མཚོན་རྒྱ་ནག་ལ་ངོ་རྒོལ་སྐད་འབོད་ཁྲོམ་སྐོར་བྱས་ཡོད་པ་རེད། རྒྱ་གར་གཞུང་གིས་ཉིན་དེར་རྔམ་སྟོན་ཁྲོམ་སྐོར་བྱེད་རྒྱུའི་མཆོག་མཆན་སྤྲད་མེད་ནའང༌། ས་གནས་དེའི་ལམ་ཟུར་དུལྡི་ལི་ནས་ཕེབས་པའི་གྷ་དྷིའི་ཐེབས་རྩ་ཁང་གི་ཚོགས་གཙོའི་བཟའ་ཟླ་དང་ས་གནས་བུད་མེད་ཚོགས་གཙོ་གཉིས་ཀྱིས་གསུང་བཤད་གནང་སྟེ་མཇུག་བསྡུས་ཡོད་པ་རེད།

Share this:
༨༩ ཀློག་གྲངས།