དེང་སང་གྲོང་གསེབ་ན་ཡང་བྲེལ་བ་ཆེ་རབ་བཤད་ཀྱིན་འདུག ལོ་རྒྱ་དེ་བརྗེད་སོང་ཨེ་ཡོད་ན?

དྲ་གྲོགས་ཡོངས་ལ་སྐུ་ཁམས་བཟང་བའི་འཚམས་འདྲི་ཞུ། ཟླ་བ་འགའ་ཡི་རིང་ལ་འཕྲིན་ཕྲན་གྱི་གཡེང་བའི་མགོ་སྐོར་གྱི་སྡུག་བསྔལ་གྱི་དམྱལ་བ་རུ་ཚུད་ནས་ད་བར་དུ་ལྷག་སོང། ཡིན་ན་ཡང་དེ་རིང་བྲོས་ནས་ཡོང་བ་ཡིན། ད་ཡང་གཤིན་རྗེའི་ཆོས་རྒྱལ་གྱིས་རྗེས་དེད་བྱེད་ནས་ཡོང་བཞིན་ཨེ་ཡོད་ཧ་མི་གོ། ཤི་ཤི་་་་་ཤི་ཤི། ཟེར་བའི་སྒྲ་དེ་གྲགས་པ་དང་ཡང་བསྐྱར་འགྲོ་རན་སོང་བ་རེད།

ཅིག་བྱས་ན་ཁོང་གི་ལག་ཆ་ཆེན་པོ་ཞིག་ཁུར་ནས་སླེབ་གྲབ་ཡོད། དམྱལ་བ་དེ་རུ་སྡུག་བསྔལ་ཧ་ཅུང་མི་ཆེ་ཡང། དམྱལ་བའི་འཕྲིན་ཕན་གྱི་གསལ་འོད་ཀྱིས་མིག་ཧ་ཅུང་ཚ་། དེར་མ་ཟད་སྔ་ལངས་དང་འཕྱི་ཉལ་དགོས། རྒྱུ་མཚན་ནི། ལས་མཁན་རྣམས་ཀྱིས་ཤི་ཤི་་་་་ཤི་ཤི། ཟེར་བའི་སྐད་དེ་བསྒྲགས་པ་དང་མིག་ཚ་རུང་དམྱལ་བའི་གསལ་འོད་དེ་ལ་མི་འདོད་བཞིན་དུ་ལྟ་དགོས། དེ་རིང་འདི་ན་སླེབ་ཐུབ་པ་དེ་ཡང་མི་གཞན་ཞིག་གི་བཀའ་སློབ་ལ་བརྟེན་ནས་འདིར་ལྷག་པ་ཡིན། ཁྱེད་ཅག་ཀྱང་ང་དང་འདྲ་བར་འདི་ལྟ་བུའི་གཡེང་བ་ཞིག་གི་ནང་དུ་ལྷུང་མེད་པར་རེ་བ་བྱེ ད་བཞིན་ཡོད། རྒྱུ་མཚན་ནི་ང་ཅག་སྐྱེས་ནས་ད་བར་དུ་དོན་མང་པོ་ཞིག་གི་ཆེད་དུ་འདིར་ཡོང་བ་ཡིན། དགོས་དོན་གྱི་ཆེད་དུ་འབད་པ་དེ་དོར་ནས་ལས་གཞན་ཞིག་ལ་གཡེང་སོང་ན་དུས་ཚོད་དེའི་ནང་གི་རིན་ཐང་མང་པོ་ཞིག་དོན་མེད་དུ་གཡག་པ་བཞག་པ་རེད། དེ་ལས་ཀྱང་ངེད་ཅག་གིས་རང་ས་རང་ཡུལ་ཞིག་གཞན་ལག་ནས་ཚུར་ལོན་ཐབས་ལ་འབད་དགོས་ཤིང། སྤྲུན་མཆེད་བརྒྱ་དང་ལྷག་གིས་དཀའ་བ་བརྒྱ་ཕྲག་གིས་ང་ཅག་དང་ཕྱི་རབས་པའི་ཆེད་དུ་རང་དབང་ཞིག་སླར་རང་ལག་ཏུ་ལོན་ཆེད་རང་གི་སྐུ་ལུས་ཀྱང་མེ་མཆོད་དུ་ཕུལ་ནས་འགྲོ་སོང་། སྤུན་མཆེད་འབུམ་ཕྲག་མང་པོའི་ཤ་འཁོན་ད་དུང་ལྷག་ཡོད། རང་ཅག་གི་ཁྱིམ་གཅིག་པའི་མི་བུ་མང་པོ་ཞིག་མནར་གཅོད་ཀྱིི་འོག་ན་ཡོད། ང་ཅག་འདི་ལྟར་རྒས་སོང་ན་མི་འགྲིག ངས་འདི་ལྟར་དྲན་པ་ནི་ཟླ་བ་རེར་ཙམ་ཡིན་པས་དེ་རིང་གི་གང་དྲན་པ་དེ་ལམ་སང་ཡིག་ཐོག་ཏུ་ཕབ་པ་ཡིན། ང་ཚོའི་ཁུ་བོ་གསུམ་དང་མྱེས་པོ་བཅས་བཞི་པོ་ཉིན་གཅིག་ལ་རྒྱ་དམག་གི་མེ་མདའི་འོག་ཏུ་ཤི་སོང་བ་རེད། ཡིན་པ་ལ་དེ་དག་གི་ཆེད་དུ།

Share this:
༢༡༧ ཀློག་གྲངས།