གསང་ཉུལ་བ་དེ་རྒྱ་གར་གྱི་ཉེན་རྟོག་པས་བཀག་ཉར་འོག་ཡོད་རེད།

ngudup_dorjee_dརྒྱ་གཞུང་གི་གསང་མྱུལ་བ་སྤེན་པ་ཚེ་རིང་ཟེར་བ་ཞིག་རྒྱ་གར་གྱི་ཉེན་རྟོག་པ་དང་བདེ་སྲུང་ལས་ཁུངས་གཉིས་ཀྱིས། འཇུ་བཟུང་བྱས་ཡོད་པ་དེའི་སྐོར་ལ། ཕྱི་ཟླ་༥ ཚེས་༢༤ ཉིན་འདི་གའི་གསར་འགོད་པས་བདེ་སྲུང་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལ་བཅར་འདྲི་བྱས་ཡོད།

དྲི་བ། སྤེན་པ་ཚེ་རིང་རྒྱ་གཞུང་གི་གསང་མྱུལ་བ་ཡིན་པའི་ངོ་སྤྲོད་ག་འདྲ་བྱས་ནས་བྱུང་བ་རེད།

ལན། ཁོ་རང་རྒྱ་གཞུང་གི་གསང་མྱུལ་བ་ཡིན་པའི་གནས་ཚུལ་ཁ་གསལ་ཆགས་པ་དེ། བཀྲ་ཤིས་དོན་གྲུབ་དང་། ཀརྨ་ཡེ་ཤེས་གཉིས་ལ་དུག་སྤྲད་རྒྱུའི་གནས་ཚུལ་ཞིག་བྱུང་སྟེ། ཁོ་རང་གཉིས་ཀྱིས་བདེ་སྲུང་ལས་ཁུངས་ལ་གནས་ཚུལ་རྩིས་སྤྲོད་བྱས་པ་རེད། དེ་ནས་ང་ཚོས་ཁོང་ལ་འདྲི་རྩད་བྱས་སྐབས་ཁོ་རང་གིས་ངོས་ལེན་བྱས་པ་ཞིག་རེད།

དྲི་བ། ཁོང་གིས་བཀྲ་ཤིས་དོན་གྲུབ་དང་ཀརྨ་ཡེ་ཤེས་གཉིས་ལ་དུག་སྤྲད་དགོས་པའི་རྒྱུ་མཚན་གང་རེད། དེའི་སྐོར་ངོ་སྤྲོད་ཅིག་གནང་རོགས།

ལན། རྒྱ་གཞུང་གིས་བཀྲ་ཤིས་དོན་གྲུབ་དང་། ཀརྨ་ཡེ་ཤེས་གཉིས་གཞུང་ལ་ངོ་ལོག་སྟེ་བཙན་བྱོལ་དུ་སོང་ནས་རྒྱ་གཞུང་དང་མི་མང་ལ་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་འཆར་འདུག དེར་བརྟེན་སྤེན་པ་ཁྱེད་རང་གིས་ཁོ་རང་གཉིས་གཙང་མ་བཟོ་དགོས་རེད་ཅེས་ལས་འགན་སྤྲད་པ་ཞིག་རེད།

དྲི་བ། ཁོང་གིས་རྒྱལ་བའི་སྐུ་ཕྱྭ་དང་འབྲེལ་བའི་གནས་ཚུལ་དང་། དེ་བཞིན་བཙན་བྱོལ་ནང་གི་གནས་ཚུལ་ག་རེ་རྒྱ་གཞུང་ལ་མཁོ་སྤྲོད་བྱས་ཡོད་རེད།

ལན། རྩ་བས་ཞིབ་ཕྲ་ད་ཧ་གོ་ཡི་ཡོད་མ་རེད། ཡིན་ན་ཡང་སྐུ་མདུན་གྱི་སྐུ་ཕྱྭ་དང་མཛད་འཆར། དེ་བཞིན་ཚོགས་པ་ཁག་གི་ནང་མི་འབོར་ག་ཚོད་ཡོད་མེད་དང་། དེ་དག་གི་འགོ་ཁྲིད་སུ་ཡིན། ལས་ཀ་བྱེད་ཕྱོགས་སོགས་མཁོ་སྤྲོད་བྱས་པའི་གནས་ཚུལ་ར་འཕྲོད་བྱུང་ཡོད་པ་རེད།

དྲི་བ། སྤེན་པ་ཚེ་རིང་འདི་གར་འབྱོར་རྗེས། བོད་ནང་ལས་བྱེད་བྱེད་མྱོང་ཡོད་པ་ཞིག་ཡིན་པའི་ཆ་ནས་བདེ་སྲུང་ལས་ཁུངས་ནས་དམིགས་བསལ་ལྟ་རྟོགས་བྱས་ཡོད་ཅེས་གནས་ཚུལ་འདུག བོད་ནང་ནས་ལས་བྱེད་བྱེད་མྱོང་ཡོད་པ་མང་པོ་རྒྱ་གར་དུ་ཡོང་གི་ཡོད་པས། ཁོང་ལ་དམིགས་བསལ་གཟིགས་རྟོགས་དགོས་དོན་གང་ཡིན་གསུངས་རོགས།

ལན། རྩ་བས་ཁོ་དང་ཁོ་འདྲ་བ་མང་པོ་ཡོད་རེད། ཁོ་གཅིག་པུ་མ་རེད་བོད་ནང་གི་ལས་ཀ་བཞག་ནས་འདིར་ཕེབས་པ་ཡིན་ན། དེ་བློས་གཏོང་ཆེན་པོ་ཞིག་རེད། དེར་བརྟེན་ཐོག་མར་འདིར་སླེབས་དུས་ང་ཚོས་ཁོང་ལ་ཡང་འཚོ་གནས་ཉུང་ཉུང་ཞིག་གནང་གི་ཡོད་པ་རེད། དེ་ཡང་མང་པོ་མ་རེད་ཟླ་བ་རེར་ཧིན་སྒོར་༣༠༠༠ རེ་གནང་གི་ཡོད་རེད།

དྲི་བ། ཁོང་འདིར་འབྱོར་ནས་ནམ་རྒྱུན་གང་དུ་བསྡད་ཡོད་རེད། ད་ལྟ་ཁོང་གང་དུ་བཀག་ཉར་བྱས་ཡོད་རེད།

ལན། ཁོ་རང་༢༠༠༩ ལོར་བཙན་བྱོལ་དུ་འབྱོར་ཏེ་དང་པོ་གསོག་སྒར་སློབ་གྲྭར་ཏོག་ཙམ་བསྡད་འདུག  དེ་ནས་དྷ་སའི་མེག་ལོར་དང་། ནོར་བུ་གླིང་ཀ་སོགས་ནས་བསྡད་པ་རེད། ད་ལྟ་ཁོང་ཀ་ཅ་རིའི་ཁྲིམས་ཁང་དུ་ཉེན་རྟོག་པས་བཀག་ཉར་འོག་ཡོད་རེད།།

http://www.tibetexpress.net/bo/home/2010-02-04-05-35-27/10614-2013-05-23-11-57-54

Share this:
༡༤༦ ཀློག་གྲངས།