དྷ་སར་གཞུང་འབྲེལ་མཆོད་འབུལ།

2013_6_5_3དེ་རིང་དགོང་དྲོར་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ཟླ་༥ ཚེས་༢༧ ཉིན་བོད་ཁམས་ཡུལ་ཤུལ་དུ་བོད་མི་བསྟན་འཛིན་ཤེས་རབ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་སོང་བ་གཙོས། ད་བར་རང་ལུས་མེར་སྲེག་གཏོང་མཁན་༡༡༨ བྱུང་ཡོད་པ་དེ་དག་གི་ཆེད་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞིག་འཚོགས་སོང་།

དེ་ཡང་ཟླ་འདིའིོ་ཕྱི་ཚེས་༥ ཉིན་གྱི་དགོང་དྲོའི་ཆུ་ཚོད་༤ པའི་སྟེང་། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག ཐེག་ཆོས་གླིང་གཙུག་ལག་ཁང་དུ་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་དབུ་བཞུགས་ཐོག བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། གཞན་ཡང་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་དང་སྲི་ཞུ་བ་རྣམ་པ། སེར་སྐྱ་མི་མང་བཅས་མཉམ་མཛོམས་ཀྱིས་ཕྱི་ལོ་༢༠༡༣ ཟླ་༥ཚེས་༡༧ ཉིན་ཁམས་ཡུལ་ཤུལ་དུ་བོད་མི་བསྟན་འཛིན་ཤེས་རབ་ཀྱིས། བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་སོང་བ་གཙོས། ད་བར་རང་ལུས་མེར་སྲེག་གཏོང་མཁན་༡༡༨ བྱུང་ཡོད་པ་དེ་དག་གི་ཆེད་མཆོད་འབུལ་སྨོན་ལམ་ཞིག་འཚོགས་སོང་།

2013_6_5_4སྲིད་སྐྱོང་མཆོག་གིས་མཆོད་འབུལ་སྨོན་ལམ་དང་འབྲེལ་བའི་གསུང་བཤད་གནང་སྐབས། ད་ལྟའི་བར་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་བོད་ནང་རང་ལུས་མེར་གཏོང་མཁན་༡༡༨ བྱུང་ཡོད་པ་དང་། དེ་དག་གིས་རང་ལུས་མེར་སྲེག་གཏོང་དགོས་པའི་རྒྱུ་རྐྱེན་རྒྱ་གཞུང་གིས་བོད་མིའི་ཐོག་བཟུང་བའི་སྲིད་ཇུས་འཛིན་སྟངས་ལ་ཐུག་ཡོད་སྐོར།  དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དབུ་མའི་ལམ་གཞིར་བཟུང་གིས་བོད་རྒྱལ་འབྲེལ་མོལ་མྱུར་དུ་བྱ་འཆར་ཡོད་སྐོར་དང་། ད་ལྟའི་ཆར་རྒྱལ་སྤྱིའི་ཁྱོན་ཡོངས་ནས་བོད་མིར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་ཡོད་པ་མུ་མཐུད་དུ་བྱ་དགོས་སྐོར་སོགས་གསུངས་སོང་།

ཕྱི་ལོ་༢༠༠༩ ནས་ལོ་བཟུང་བོད་ནང་མི་༡༡༨ ཀྱིས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་ཡོད་པ་ལས་༡༠༡ འདས་གྲོངས་སུ་སོང་ཡོད་པ་རེད།

Share this:
༡༠༧ ཀློག་གྲངས།