དགེ་བཤེས་མའི་རྒྱུགས་སྤྲོད་ཐེངས་དང་པོའི་གྲུབ་འབྲས།

3013_7_8_5

དགེ་བཤེས་མའི་རྒྱུགས་སྤྲོད་ཐེངས་དང་པོའི་ནང་བཙན་བྱོལ་ནང་གི་བཙུན་དགོན་ཁག་ལྔའི་བཙུན་མ་༢༧ འཛུལ་ཞུས་བྱས་ཡོད་པའི་ཁོངས་ནས་གཉིས་མ་གཏོགས། གཞན་ཚང་མས་རྒྱུགས་འཕྲོད་ཡོད་པའི་གནས་ཚུལ་དགེ་བཤེས་མའི་རྒྱུགས་སྤྲོད་ཚོགས་ཆུང་གིས་གསལ་བསྒྲགས་བྱས་འདུག

དེ་ཡང་ལོ་འདིའི་ཕྱི་ཟླ་༥ ཚེས་༢༢ ཉིན་དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ཚོགས་ཆུང་གི་གོ་སྒྲིག་འོག་བཞུགས་སྒར་དྷ་སའི་ཉེ་འགྲམ་དུ་ཡོད་པའི་བཙུན་དགོན་འཇམ་དབྱངས་ཆོས་གླིང་གི་ཚོགས་ཁང་དུ། དགེ་བཤེས་མའི་རྒྱུགས་སྤྲོད་ཐེངས་དང་པོ་དེ་དབུ་འཛུགས་གནང་ཡོད་པ་དང་། ལོ་འདིའི་དགེ་བཤེས་མའི་རྒྱུགས་སྤྲོད་ཐོག་བཙུན་དགོན་འཇམ་དབྱངས་ཆོས་གླིང་དང་། སྒྲོལ་མ་གླིང་བཙུན་དགོན། དགེ་ལྡན་ཆོས་གླིང་བཙུན་དགོན། རྒྱ་གར་ལྷོ་ཕྱོགས་བྱང་ཆུབ་ཆོས་གླིང་བཙུན་དགོན། བལ་ཡུལ་མཁའ་སྤྱོད་དགའ་འཁྱིལ་གླིང་བཅས་བཙུན་དགོན་ཁག་ལྔ་ནས་བཙུན་མ་གྲངས་༢༧ མཉམ་ཞུགས་གནང་ཡོད་པའི་ཁོངས་ནས་རྒྱུགས་ཞུགས་པ་གཉིས་མ་གཏོགས་གཞན་ཚང་མས་རྒྱུགས་འཕྲོད་ཡོད་སྐོར། ཟླ་འདིའི་ཕྱི་ཚེས་༥ ཉིན་དགེ་བཤེས་མའི་རྒྱུགས་སྤྲོད་ཚོགས་ཆུང་གིས་གསལ་བསྒྲགས་བྱས་ཡོད་པ་རེད།

3013_7_8_5བལ་ཡུལ་མཁའ་སྤྱོད་དགའ་འཁྱིལ་གླིང་ངམ་ཀོ་པན་དགོན་པའི་བཙུན་མ་པ་སངས་བླ་མ་ལགས་སུ་བརྒྱ་ཆ་བརྒྱ་ནས་༧༩་༨༣ ཐོབ་སྟེ་ཨང་རིམ་དང་པོ་དང་།

 

 

2013_7_8_6རྡ་ས་བཙུན་དགོན་སྒྲོལ་མ་གླིང་གི་བཙུན་མ་བསྟན་འཛིན་ཀུན་གསལ་ལགས་སུ་བརྒྱ་ཆ་བརྒྱ་ནས་༧༦་༥༤ ཐོབ་སྟེ་ཨང་རིམ་གཉིས་པ།

 

 

2013_7_8_7རྡ་ས་བཙུན་དགོན་སྒྲོལ་མ་གླིང་གི་བཙུན་མ་བདེ་ལེགས་དབང་མོ་ལགས་སུ་བརྒྱ་ཆ་བརྒྱ་ནས་༧༢་༠༨ ཐོབ་སྟེ་ཨང་རིམ་གསུམ་པ་ཆགས་ཡོད་འདུག

Share this:
༩༤ ཀློག་གྲངས།