ཏྲེ་ཧོར་ལྕོག་རི་དགོན་དུ་འཁྲུངས་སྐར་སྲུང་བརྩི།

ཁམས་བྲག་འགོ་རྫོང་ཁོངས་ཀྱི་ཏྲེ་ཧོར་ལྕོག་རི་དགོན་པའི་མཁན་རིན་པོ་ཆེ་གཙོས་བླ་སྤྲུལ་དགེ་བའི་བཤེས་གཉེན་ཡོངས་དབུ་བཞུགས་ཐོག ཟླ་འདིའི་ཚེས་༦ ཉིན་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་གནང་ཡོད་པ་རེད།

photos_from_tehor1_6དེ་ཡང་ཟླ་འདིའི་ཚེས་༦ ཉིན་བོད་མི་གནས་སྡོད་བྱེད་ཡུལ་འཛམ་གླིང་ས་ཕྱོགས་གང་སར་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་བྱེད་ཀྱི་ཡོད་པ་བཞིན། བོད་ནང་དུ་ཡང་རྒྱ་ནག་དམར་གཞུང་གིས་དྲག་གནོན་དམ་དྲག་ཡོད་མེད་ལ་མ་ལྟོས་པར། བོད་བསྟན་སྲིད་ཆེད་ཕྱག་ལས་གནང་གི་ཡོད་པ་དང་། དེ་བཞིན་བོད་ནང་དྲག་གནོན་གྱི་འོག་ནས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་བྱེད་ཀྱི་ཡོད་པ་བཞིན། ཁམས་བྲག་འགོ་རྫོང་། ཏྲེ་ཧོར་ལྕོག་རི་དགོན་པའི་མཁན་རིན་པོ་ཆེ་གཙོས་བླ་སྤྲུལ་དགེ་བའི་བཤེས་གཉེན་དབུ་བཞུགས་ཐོག་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་གནང་ཡོད་པ་རེད།

ཉིན་དེའི་ཞོགས་པ་དགོན་པའི་གྲྭ་མང་གཙོས་སེར་སྐྱ་མི་མང་ཧ་ཅང་ཕོན་ཆེན་འདུ་འཛོམ་གྱི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིར་གདན་འདྲེན་གྱི་མི་མང་གིས་ཕྱག་མཆོད་དང་མཇལ་དར་བསྒྲོན་འབུལ། དེ་བཞིན་རྒྱལ་བའི་ཞབས་བརྟན་དང་མ་ཎི་གསོག་སྒྲུབ།  དེ་བཞིན་བསང་གསོལ་དང་རླུང་རྟ་བསྒྲེངས་འཛུགས་སོགས་བྱས་ནས་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་འདུག

ཉིན་འདིའི་ཉིན་རྒྱབ་ཡུལ་མི་ཚོའི་རྟ་རྒྱུག་འགྲན་སྡུར་བྱེད་པ་སོགས་ཡུལ་དགོན་གཉིས་ཀྱི་སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་ཟབ་རྒྱས་འཚོགས་ཡོད་ན་ཡང་། ད་ཐེངས་རྒྱ་ནག་གཞུང་གིས་ཁམས་རྟའུ་ནང་བཞིན་དྲག་གནོན་བྱས་མེད་ནའང་།   འཕྲིན་ཕྲིན་སོགས་དྲ་ལམ་བཀག་འགོག་བྱས་སྐོར་འབྲེལ་ཡོད་ཀྱིས་འགྲེལ་བརྗོད་གནང་སོང་།

མོན་གྷོ་གསར་འགོད་པས།

photos_from_tehor_6photos_from_tehor2_6

Share this:
༨༣ ཀློག་གྲངས།