གུང་ཕྲན་ཏང་གི་འོ་མ་འཐུང་ནས་འཚར་ལོང་བྱུང་བ།

རྒྱ་ནག་དམར་ཤོག་གི་འགོ་གཙོ་ཟུར་པ་ལཱི་ཕིང་དང་ལཱི་ཐེ་ཡིང་གཉིས་ཆུང་དུས་སློབ་འབྲིང་དུ་མཉམ་དུ་སོང་།    ཉིན་ཞིག་དགེ་རྒན་གྱིས་སང་ཉིན་མཱོའོ་ཀྲུའུ་ཞི་ང་ཚོའི་སློབ་གྲྭར་གཟིགས་བསྐོར་ཕེབས་ཀྱི་རེད།  དུས་དེར་ཁོང་གི་དྲི་བ་འདི་གཉིས་བཀོད་སྲིད་དེ།  གཅིག་ནི་ཁྱོད་ཚོས་སུ་ལ་བློ་སེམས་དཀར་གྱི་ཡོད་དམ།  ཞེས་པ་དེ་ཡིན། 

དགེ་རྒན་གྱིས་མདུན་ཅོག་དང་པོར་བསྡད་མཁན་ལཱི་ཐེ་དབྱིངས་ལ།  མཱོའོ་ཙེ་ཏུང་གིས་དྲི་བ་དང་པོ་དེ་བཀོད་དུས་ཁྱོད་ཀྱིས།  གུང་ཕྲན་ཏང་ལ་བློ་སེམས་དཀར་གྱི་ཡོད།   ང་ཚོ་ཚང་མ་གུང་ཕྲན་ཏང་གི་འོ་མ་འཐུང་ནས་འཚར་ལོང་བྱུང་བ་ཡིན། ཞེས་ལན་འདེབས་བྱ་དགོས།

དེ་ནས་དྲི་བ་གཉིས་པ་ནི་ཁྱོད་ཚོས་སུ་ལ་ངོ་རྒོལ་བྱེད་ཀྱི་ཡིན་ནམ་ཞེས་པ་དེ་ཡིན་སྲིད་པ་རེད།  སྐབས་དེར་རྒན་ལགས་ཀྱིས་མདུན་ཅོག་གཉིས་པར་བསྡད་མཁན་ལཱི་ཕིང་ལ་མཛུབ་མོ་བཙུགས་སྟེ། དེ་ནས་ཁྱོད་ཀྱིས་དྲི་བ་དེར་ང་ཚོས་བཙན་རྒྱལ་རིང་ལུགས་ལ་ངོ་རྒོད་བྱེད་ཀྱི་ཡོད། ཅེས་ལན་འདེབས་བྱ་དགོས། ཅེས་བཀོད་མངགས་བྱས།

ཉིན་དེའི་དགུང་མོར་སློབ་མ་ལཱི་ཐེ་ཡེང་གིས་རུས་སྦལ་གྱི་ཤ་རྗེན་པ་ཟོས་པའི་རྐྱེན་གྱིས་དུག་ཕོག་སྟེ་སྨན་ཁང་དུ་བསྐྱེལ་ཡོད་པ་རེད།  ཕྱི་ཉིན་ཞོགས་པར་མཱོའོ་ཙེ་ཏུང་སློབ་གྲྭར་ལྟ་སྐོར་སླེབས་ནས་མདུན་ཅོག་དང་པོར་སློབ་མ་བསྡོད་མཁན་མེད་པར་མཐོང་ནས།  བང་རིམ་གཉིས་པའི་མདུན་ཅོག་གཉིས་པར་བསྡད་པའི་སློབ་མ་ལྭི་ཕིང་ལ།   བློ་མཐུན་ཆུང་ཆུང་།  ཁྱོད་ཚོས་སུ་ལ་བློ་སེམས་དཀར་གྱི་ཡོད་དམ། ཞེས་དྲིས་པར།

 ལཱི་ཕིང་ཡར་ལངས་ནས་སྐད་སངས་མཐོན་པོས་བཙན་རྒྱལ་རིང་ལུགས།  ཅེས་ལན་འདེབས།  དགེ་རྒན་གྱིས་སློབ་མ་ལཱི་ཕིང་གི་སྐད་ཆ་དེ་ཐོས་མ་ཐག་འཚབ་འཚུབ་ཀྱིས་སློབ་མར་ལཱི་ཕིང་ལ་བརྡ་སྤྲོད་བཞིན་་་གུང་ཕྲན་ཏང་་་་གུང་ཕྲན་ཏང་གི་འོ་མ་འཐུང་ནས་་་་ཅེས་བརྡ་སྤྲད།  

 སྐབས་དེར་སློབ་ཕྲུག་ལཱི་ཕིང་གིས་ལམ་སེང་་་་་གུང་ཕྲན་ཏང་གི་འོ་མ་འཐུང་ནས་འཚར་ལོང་བྱུང་བ་དེ་མདང་དགུང་དུག་ཕོག་འདུག་་་་ཁོ་ལ་དུག་ཕོག་ནས་ད་ལྟའང་སྨན་ཁང་དུ་ལུས་ཡོད་པ་རེད།  ཅེས་ལན་འདེབས་བྱས།།

 

༼མཚར་གཏམ།༽

Share this:
༢༧༣ ཀློག་གྲངས།