བྲག་མགོའི་ཆབ་སྲིད་བཙོན་པ་ཞིག་གློད་གྲོལ།

ཁམས་བྲག་མགོའི་ཛ་དྲག་ཚོགས་ཆུང་ནས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར། ༢༠༡༢ ལོའི་ཕྱི་ཟླ་༡ པོའི་ཚེས་༢༣ དཔྱིད་གསར་དུས་ཆེན་ཉིན་ཁམས་བྲག་མགོའི་མི་མང་གིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་པར་བརྟེན། རྒྱ་གཞུང་གིས་སྔ་ཕྱིར་བོད་མི་མང་པོ་འཇུ་བཟུང་བྱས་ཏེ་མི་གྲངས་བཞི་བཅུ་ལྷག་ལ་ཁྲིམས་ཐག་བཅད་ཡོད་པ་དང་།

1080260_365482426914555_1951220940_nདེའི་ཁྲོད་ནས་སྔ་ལོ་ཟླ་བ་༢ པའི་ཚེས་༡༢ ཉིན་རྒྱ་གཞུང་གི་ཉེན་རྟོག་པས་བཙན་ཁྲིད་བྱས་པའི་བསོད་ནམས་རིན་ཆེན་ལ་བོད་དོན་ལས་འགུལ་གྱི་ཉེས་མིང་འོག ལོ་གཅིག་དང་ཟླ་དྲུག་གི་ཁྲིམས་ཐག་བཅད་ཡོད་ཀྱང། ཉེ་ཆར་ཟླ་བ་༧ པའི་ཚེས་༢༤ ཉིན་གློད་གྲོལ་བཏང་འདུག

ཁོང་གི་ཕ་མིང་ལ་བློ་ལྡན་ཤེས་རབ་དང་མ་མིང་ལ་ཁྲོ་མ་ཟེར་གྱི་ཡོད་འདུག གློད་གྲོལ་སྐབས་ས་གནས་མི་མང་དང་དེ་མིན་ས་གནས་གཞན་ནས་ཀྱང་ཁོང་ལ་ཁ་དར་བཏང་བ་སོགས་ཀྱིས་ཕེབས་བསུ་ཟབ་རྒྱས་དང་གདུང་སེམས་མཉམ་བསྐྱེད་གནང་ཡོད་པ་རེད།

ཁོང་ལ་ད་ལྟ་གཟུགས་གཞི་བདེ་མིན་གྱི་དཀའ་ངལ་འཕྲད་བཞིན་ཡོད་པ་དང། གཞན་ཡང་ཁམས་བྲག་མགོའི་མི་མང་གིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་པར་བརྟེན། རྒྱ་གཞུང་གིས་སྔ་ཕྱིར་བོད་མི་མང་པོ་འཇུ་བཟུང་བྱས་པའི་ཆབ་སྲིད་བཙོན་པ་མང་པོ་ཞིག་ལ་ནང་མིའི་ངོས་ནས་ཐུག་འཕྲད་དང་ཁོང་ཚོའི་གནས་སྟངས་སྐོར་ཅི་ཡིན་མི་ཤེས་པའི་དཀའ་ངལ་འཕྲད་བཞིན་པ་རེད་འདུག །

Share this:
༡༡༧ ཀློག་གྲངས།