རྒྱ་ནག་ནུབ་ཕྱོགས་སུ་གནམ་གཤིས་ཚ་དྲོད་ཆེ་བའི་དཀའ་ངལ།

ད་ལོའི་ཕྱི་ཟླ་༧ པ་ནས་བཟུང་རྒྱ་ནག་གི་ས་ཁུལ་མང་པོའི་ནང་དུ་གནམ་གཤིས་ཚ་དྲོད་ཧ་ཅང་ཆེན་པོ་བསྟན་ཡོད་པ་དང་། ས་ཆ་མང་པོ་ཞིག་གི་ནང་སྔར་བྱུང་མྱོང་མེད་པའི་ཚ་བ་སླེབས་ཏེ། མང་ཚོགས་ཀྱིས་རྒྱ་ནག་གི་གནམ་གཤིས་འགྱུར་ལྡོག་ལ་སེམས་འཚབ་བྱེད་བཞིན་ཡོད་པ་རེད།

རྒྱ་ནག་རྒྱལ་ཁབ་གནམ་གཤིས་བརྟག་དཔྱད་ལྟེ་གནས་ཁང་གི་བྱ་རའི་མེ་ལོང་གི་གྲངས་ཐོ་ལས་གསལ་བ་ལྟར་ན། ཕྱི་ཟླ་༧ ཚེས་༢༩ བར་དུ་རྒྱལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར་༤༣ གྱི་ཉིན་མོའི་ཚ་དྲོད་ཚད་༤༠ བརྒལ་ཡོད་པ་དང་། རྫོང་དང་གྲོང་ཁྱེར་༥༣ གྱི་ཚ་དྲོད་ཧ་ཅང་ཐལ་དྲག་ཡོད་པ་རེད།

རྒྱ་ནག་གནམ་གཤིས་རིག་པ་ཁང་གིས་ཕྱི་ཟླ་༧ ཕྱི་ཚེས་༣༠ ཉིན་ཚད་མཐོའི་ཚ་དྲོད་ཀྱི་ཛ་དྲག་གི་སྣང་ཚུལ་ཁྱབ་བསྒྲགས་བྱས་ཡོད་པ་དང་། དེ་ནི་རྒྱལ་ནག་གིས་གནམ་གཤིས་རིག་པའི་གནོད་འཚེ་སོ་ལྟ་འཕྲུལ་ཆས་བཙུགས་པ་ནས་བཟུང་ཆེས་ཛ་དྲག་གི་སྣང་ཚུལ་ཐོག་མ་དེ་ཆགས་ཡོད་པ་རེད།

དེ་བཞིན་རྒྱ་ནག་དབུས་གཞུང་གནམ་གཤིས་བརྟག་དཔྱད་ཁང་གིས་སྔོན་དཔག་བྱས་པར་གཞིགས་ན། མ་འོངས་པའི་ཉིན་༡༠ ཡི་ནང་དུ་ཅང་ནེ་དང་ཅང་ཧྥེ། ཁྲུང་ཆིང་སོགས་སུ་མུ་མཐུད་དུ་ཚ་དྲོད་འཕར་རྒྱུ་ཡིན་པ་རེད། རྒྱ་ནག་གི་ས་ཁུལ་མང་པོའི་ནང་དུ་གནམ་གཤིས་ཚ་དྲོད་ཆེ་བར་བརྟེན་ནས་མི་མང་པོ་ཞིག་ཤི་ཡོད་འདུག་ཅིང་། ཧྲང་ཧེ་གཅིག་པུའི་ནང་དུ་མི་༡༠ གྲངས་ཤིག་འདས་གྲོངས་སུ་གྱུར་ཡོད་པ་དང་། རྐྱེན་འདས་སུ་སོང་བ་མང་ཆེ་ཤོས་རྒན་གོག་ཡིན་པ་རེད།

Share this:
༤༠ ཀློག་གྲངས།