“བོད་ཀྱི་ཟིན་བྲིས་”དྲ་བ་སྒོ་འབྱེད།

ཟླ་འདིའི་ཚེས་༤ ཉིན་དྷ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ་བོད་ཀྱི་ཟིན་བྲིས་དྲ་རྒྱ་ཞིག་གསར་དུ་སྒོ་འབྱེད་བྱས་སོང་ལ། དྲ་རྒྱ་དེ་ནི་མི་སྒེར་ཚོས་ཟིན་བྲིས་གཉེར་ས་ཁོ་ན་ལ་དམིགས་ཏེ་བཟོས་པ་ཞིག་རེད་འདུག

tibetanblog_netདྲ་རྒྱ་དེའི་རྩོམ་སྒྲིག་པ་ཚངས་དབྱངས་རྒྱ་མཚོ་དང་། ཨ་རིག་འགྱུར་མེད་གཉིས་ཡིན་པ་དང་། “བོད་ཀྱི་ཟིན་བྲིས་”དྲ་བ་སྒོ་འབྱེད་ཀྱི་གཏམ་གྱི་ནང་དུ་ཟིན་བྲིས་འདི་འདྲ་ཞིག་བཟོ་དགོས་དོན་སྐོར་འཁོད་དོན།  དེང་སྐབས་སྤྱི་ཚོགས་ནང་མཛད་གཙོ་རྣམ་པས་དབུས་བོད་ཡིག་ལ་དོ་སྣང་བྱེད་མཁན་ཉུང་བ་དང་། བོད་ཡིག་གི་གནས་བབས་ཉམས་དམའ་བའི་སྐབས་འདིར་ཚང་མར་དོ་སྣང་གསར་པ་ཞིག་བསྐྲུན་ཆེན། བཙན་བྱོལ་སྤྱི་ཚོགས་སུ་ཡོད་མ་མྱོང་བའི་ཟིན་བྲིས་རྐྱང་པའི་དྲ་ཚིགས་ཤིག་ཤར་གཏོང་བྱས་པ་ཡིན་སྐོར་དང་། མ་འོངས་པར་ལོ་གསུམ་རེའི་མཚམས་སུ་བོད་ཀྱི་ཟིན་བྲིས་དྲ་སྟེང་གི་རྩོམ་ཡིག་ལེགས་འདེམས་ཀྱི་བྱ་དགའ་སྤྲོད་པ་དང་། རྩོམ་ཡིག་ལེགས་འདེམས་ཀྱིས་ཆེད་སྒྲིག་དཔེ་ཚོགས་བཟོ་བ་སོགས་ལས་འཆར་མང་བོ་གཞུག་ན་ཡོད་ཀྱང་། སྐབས་འདིར་དྲ་རྒྱ་སྒོ་འབྱེད་བྱས་མ་ཐག་དང་ལས་འཆར་མང་བོ་ཞིག་གཞི་ནས་བང་བསྒྲིགས་བཞིན་ཡོད་སྐོར་འཁོད་འདུག་ལ། རྩོམ་སྒྲིག་པའི་ངོའི་ནས་རྩོམ་ཡིག་སྤེལ་སྐབས་ཆོལ་ཁ་དང་ཆོས་ལུགས། ཆབ་སྲིད་ལངས་ཕྱོགས་རང་བཙན་དང་དབུའི་སྐོར་གྱི་འཐེན་འཁྱེར་ཕྱོགས་ལྷུང་གི་རྩོམ་ཡིག་རིགས་མ་སྤེལ་རོགས་ཞེས་འབོད་སྐུལ་ཡང་གནང་སོང་།

tibetanblog_net1དྲ་རྒྱ་དེ་ནི་མི་སྒེར་ཚོས་ཟིན་བྲིས་སྤེལ་ས་ཁོ་ན་ཡིན་པ་དང་། དེའི་ནང་ལེ་ཚན་ཡང་སྙན་ངག་དང་། བརྩམས་སྒྲུང་། འབོལ་རྩོམ། བསྒྱུར་རྩོམ། ལོ་རྒྱུས་སོགས་ཀྱི་སྣ་འཛོམས་ཡོད་པ་ཞིག་རེད།

གཞོན་སྐྱེས་དྲ་རྒྱ་བཟོ་འགོད་པ་སངས་རྒྱས་རྡོ་རྗེས་གསར་བཟོ་བྱས་པ་ཞིག་ཡིན་པ་དང་། ཁོང་གི་ད་སྔའི་བར་དྲ་རྒྱ་ཉི་ཤུ་ཙམ་གསར་བཟོ་བྱེད་མྱོང་ཡོད་འདུག །

http://tibetanblog.net/

Share this:
༡༠༡ ཀློག་གྲངས།