ནུབ་བྷེང་གྷལ་དུ་རང་ལུས་མེར་སྲེག

2013_8_5

རྒྱ་གར་བྱང་ཤར་ཁུལ་གྱི་མངའ་སྡེ་ནུབ་བྷེང་གྷལ་(West Bengal) དུ་ཁུལ་དེའི་ཡུལ་མི་ཞིག་གིས། མངའ་སྡེ་གསར་པ་ཞིག་གསར་འཛུགས་ཡོང་ཆེད་རང་ལུས་མེར་སྲེག་གིས་མངའ་སྡེ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པ་རེད།

2013_8_5

དེ་ཡང་Indian Express ཞེས་པའི་གསར་ཤོག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཟླ་༧ ཚེས་༣༠ ཉིན་རྒྱ་གར་བྱང་ཤར་ཁུལ་གྱི་མངའ་སྡེ་ནུབ་བྷེང་གྷལ་(West Bengal) གྱི་ཀ་ལིམ་པོང་(Kalimpong) ས་གནས་ཀྱི་ལྡམ་སྦར་ཅོག་ (Damber Chowk)ཅེས་པའི་ས་ཆ་དེར། མང་གྷལ་སིང་ར་ཇ་པུཏ་(Mangal Singh Rajput) ཞེས་པའི་ལོ་༣༠ ཡས་མས་ཡིན་པའི་ཡུལ་མི་ཞིག་གིས། གྷོར་ཁ་ལེན་ཌེ་(Gorkhaland)ཞེས་པའི་མངའ་སྡེ་གསར་པ་ཞིག་གསར་འཛུགས་ཡོང་ཆེད་རང་ལུས་མེར་སྲེག་གིས་མངའ་སྡེ་གཞུང་ལ་ངོ་རྒོལ་བྱས་འདུག་པ་དང་། རང་ལུས་མེར་སྲེག་བྱས་རྗེས་ར་ཇ་པུཏ་ཀ་ལིམ་པོང་ས་གནས་སྨན་ཁང་ཞིག་ཏུ་ཁྱེར་ཏེ་དེའི་རྗེས་སི་ལི་གྷུ་རིས་སྨན་ཁང་ཞིག་ཏུ་སྐུ་གྲོངས་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་༤ སྟེ་རེས་གཟའ་ཉི་མའི་ཉིན་ལྡམ་སྦར་ཅོག་(DamberChowk)ཏུ་གྷོར་ཁ་ཇན་མུཀ་ཏི་མོར་ཅ་( Gorkha Jan mukti Morcha) ཞེས་པའི་ཆབ་སྲིད་ཚོགས་པའི་ཚོགས་གཞོན་སྐུ་ཞབས་སྦི་ནེ་ཏ་མང་(Binay Tamang)གིས། གྷོར་ཁ་ལེན་ཌེ་མངའ་སྡེ་གསར་འཛུགས་ཆེད་རང་ལུས་མེར་སྲེག་བྱེད་མཁན་ཁོང་། མང་གྷལ་སིང་ར་ཇ་པུཏ་སྨན་ཁང་དུ་འདས་གྲོངས་སུ་གྱུར་པའི་གནས་ཚུལ་མི་མང་ཁྲོད་གསལ་བསྒྲགས་བྱས་ཡོད་འདུག

གནས་ཚུལ་དེ་དང་འབྲེལ་ཟླ་འདིའི་ཕྱི་ཚེས་༢ ཉིན་( Gorkha Jan mukti Morcha) ཞེས་པའི་ཆབ་སྲིད་ཚོགས་པས། ས་གནས་ཉེན་རྟོག་པའི་སྡོད་སྒར་ཞིག་ཀྱང་མེར་སྲེག་བཏང་ཡོད་པ་མ་ཟད། སྡོད་སྒར་དེ་སྲུང་མཁན་གྱི་མི་གཉིས་ལ་ཡང་མེ་སྐྱོན་ཐེབས་ཏེ་སྨན་ཁང་དུ་ཁུར་དགོས་བྱུང་ཡོད་པ་རེད་འདུག

2013_8_5_1 

Share this:
༨༦ ཀློག་གྲངས།