རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་སོགས་ལ་ཁྲིམས་ཆད།

dupba_kyab_2013ཟླ་འདིའི་ཚེས་༡ ཉིན་ཕ་ཡུལ་གསེར་རྟ་ནས་ཡིན་པའི་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་དང་། བསམ་འགྲུབ། གཡུ་སྦྲང་། དྲན་གསལ། ཤེལ་རྒྱལ་བཅས་ལ་རྒྱ་གཞུང་གིས་བོད་དོན་ལས་འགུལ་སྤེལ་བའི་ཉེས་མིང་འོག དཀར་མཛེས་ཁུལ། ཉག་ཆུ་རྫོང་ཁྲིམས་ཁང་ནས་ཁྲིམས་ཐག་བཅད་ཡོད་འདུག

དེ་ཡང་ཟླ་འདིའི་ཚེས་༦ ཉིན་བོད་ནས་འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན།། ཕྱི་ཟླ་༨ ཚེས་༡ ཉིན་ཁམས་དཀར་མཛེས་ཁུལ། ཉག་ཆུ་རྫོང་ནས་ཁོང་ཚོ་བཞི་ལ་བོད་དོན་ལས་འགུལ་སྤེལ་བའི་ཉེས་མིང་དང་། “དམར་ཤོག་རྒོལ་ལན་ཚོགས་པ་”ཞེས་པའི་ཚོགས་མི་ཡིན་པའི་ཉེས་མིང་བཙུགས་ཡོད་འདུག མི་གཞན་ཞིག་ལ་ཡང་ཁོང་ཚོ་དང་མཉམ་ཁྲིམས་ཐག་བཅད་སྐོར་འདུག་ཀྱང་། ཁ་གསལ་མི་འདུག

dupba_kyab_2013

དེ་ཡང་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་ནི་༢༠༡༢ ལོའི་ཕྱི་ཟླ་༢ ཚེས་༡༥ རྒྱ་གཞུང་གི་འབྲེལ་ཡོད་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ། ད་ལྟའི་བར་བཀག་ཉར་འོག་བཞག་པ་དང་། ༢༠༡༣ ལོའི་ཕྱི་ཟླ་༨ ཚེས་༡ ཉིན་ལོ་ལྔ་དང་ཟླ་༦ རིང་དུས་བཀག་ཁྲིམས་ཐག་བཅད།

ཁོང་ནི་ཁམས་དཀར་མཛེས་ཁུལ། གསེར་རྟ་རྫོང་། རགས་བཀྲམ་ཡུལ་ཚོ། གེ་འཕེན་སྡེ་པ་ནས་ཡིན་པ་དང་། རགས་བཀྲམ་ཡུལ་ཚོའི་སློབ་ཆུང་དང་། གསེར་རྟ་རྫོང་སློབ་འབྲིང། དཀར་མཛེས་རྫོང་དུ་ཡོད་པའི་དགེ་འོས་སློབ་གྲྭ་རུ་སློབ་ཐོན་བྱུང་རྗེས། བརྡར་ཚང་དང་། ཧོར་ཤུལ་ཡུལ་ཚོ་གཉིས་ཀྱི་སློབ་གྲྭ་རུ་སྔ་རྗེས་དགེ་རྒན་དང། ཁོང་འཛིན་བཟུང་སྐབས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་བྲག་མགོ་རྫོང་ཁོངས་སུ་གསར་འཛུགས་གནང་བའི་སློབ་གྲྭ་ཞིག་ཏུ་དགེ་རྒན་གྱི་ལས་ཀ་བྱས་ཡོད་པ་རེད། ཁོང་གིས་ལས་ཞོར་དུ་རྩོམ་ཡིག་འདྲ་མིན་སྣ་ཚོགས་བྲིས་ཡོད་པ་དང་། ཁོང་སྒེར་ངོས་ནས་བྲིས་པའི་རྩོམ་ཡིག་དེབ་ཁག་ཅིག་ཀྱང་འགྲེམས་སྤེལ་བྱས་ཡོད་པ་མ་ཟད། ༢༠༠༨ ལོར་བོད་མིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐབས་ཀྱི་གནས་ཚུལ་(ས་བྱི་ཁྲག་བྲིས་དམར་པོ་)ཞེས་པའི་དཔེ་དེབ་ཅིག་ཀྱང་བཏོན་ཡོད་པ་རེད།

samdup-arrsted-on-13june2012-copy1དེ་ཡང་བསམ་འགྲུབ་ནི་ཁམས་དཀར་མཛེས་ཁུལ་གསེར་རྟ་རྫོང་། མགོན་མཆོག་སྡེ་པ་ནས་ཡིན་པ་དང་། ༢༠༡༢ ལོའི་ཕྱི་ཟླ་༦ ཚེས་༡༣ ཉིན་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བའི་ཉེས་མིང་འོག་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་པ་ཞིག་ཡིན་པ་རེད། ད་ལྟ་རང་ལོ་༣༢ ཙམ་དུ་སོན་པ་དང༌། ཕ་མིང་ལ་བསོད་རྒྱལ་ཟེར་གྱི་ཡོད་པ་རེད། ལོ་ལྔ་རིང་དུས་བཀག་ཁྲིམས་ཐག་བཅད།

གཡུ་སྦྲང་ནི་བསམ་འགྲུབ་དང་མཉམ་དུ་འཇུ་བཟུང་བྱས་པ་ཡིན་པ་དང་། ལོ་གཉིས་ཀྱི་ཁྲིམས་ཆད་དང་། དྲན་གསལ་ལ་ལོ་གསུམ་གྱི་ཁྲིམས་ཆད། ཤེལ་རྒྱལ་ལ་ལོ་གཉིས་ཀྱི་ཁྲིམས་ཐག་བཅས་བཅད་འདུག་པ་དང་། ཁོང་གཉིས་ཀྱང་གསེར་རྟ་རྫོང་ཁོངས་ནས་ཡིན་འདུག་ཀྱང་། ལོ་རྒྱུས་ཞིབ་ཚགས་ཤེས་ཐུབ་མེད་པ་རེད།

Share this:
༦༣ ཀློག་གྲངས།