པོའི་ཞིས་ལེའི་དོན་རྐྱེན་དང་འབྲེལ་བའི་ལོ་ཚིགས་ཕྱོགས་བསྒྲིགས།

images/idoblog/upload/9816387411/preview/small_boxilai_600px.jpgཕྱི་ལོ ༢༠༡༢  ལོའི་ལོ་འགོར།

རྒྱ་ནག་གི་ཐད་གཏོགས་གྲོང་ཁྱེར་ཁྲུང་ཆིང་གྲོང་ཁྱེར་དུ་དམར་གཞས་གཏོང་ནས་ལྐོགས་ཟ་རུལ་སུངས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ནམ། རྒྱ་ནག་དབུས་ཆབ་སྲིད་ཅུས་ཀྱི་འཐུས་མི་དང་ཁྲོང་ཆིང་གྲོང་ཁྱེར་གྱི་དམར་ཚོགས་ཀྱི་འགོ་གཙོ་པོའོ་ཞི་ལེ་སྐད་གྲགས་ཆེ་བཞིན་པའི་སྒང་དང་། ཁོ་ནི་མ་འོངས་པར་རྒྱ་ནག་གི་དབུས་ཆབ་སྲིད་ཅུས་ཀྱི་མི་སྣ་འགལ་ཆེན་ཞིག་འགྱུར་རྒྱུ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད།

ཟླ ༢ ཚེས་ ༢ ཉིན།

རྒྱ་ནག་གཞུང་གིས་ཁྲོང་ཆིང་གྲོང་ཁྱེར་གི་འགོ་གཙོ་གཞོན་པ་ཝང་ལི་ཅུན་དམག་གི་གོ་གནས་ནས་ཕྱི་ཕུད་བཏང་། ཝང་ལི་ཅུན་ནི་པོའོ་ཞི་ལེས་ལྐོགས་ཟ་རུལ་སུངས་ལ་འཐབ་འཛིང་བྱས་པའི་ལས་འགུལ་གྱི་འགོ་འཁྲིད་གཙོ་བོ་ཞིག་རེད། ཁོ་གློ་བུར་དུ་དབང་ཆའི་གོ་གནས་ནས་ཕུད་དེ་དེ་སྔོན་གྲོང་ཁྱེར་དེའི་ཤིས་རིག་དང་འཕྲོད་བསྟན་སྐོར་འགན་འཁྱེར་མཁན་གྱི་འགོ་འཛིན་གཞོན་པར་བཏང་བར་བརྟེན།  ཕྱི་མི་ཚོས་སྐབས་དེར་གནད་དོན་ཞིག་ཡོང་རྒྱུ་ཡིན་པར་ངོས་འཛིན་བྱས།

ཟླ་ ༢ ཚེས་ ༦ ཉིན།

ཝང་ལི་ཅུན་གྱིས་རླངས་འཁོར་གཏོང་ནས་ཁྲིང་ཏུ་གྲོང་ཁྱེར་གནས་བཅས་པའི་ཨ་རིའི་གཞུང་ཚབ་ཏུ་འཛུལ། འོན་ཀྱང་ཨ་གཞུང་ཚབ་ནས་ཝང་སྣེ་ལེན་མ་བྱས་སྟབས་རྒྱ་གཞུང་གིས་ཁོ་པེ་ཅིང་དུ་འཁྲིད། གནས་སྟངས་འདིས་ཕྱི་ནང་ལ་དོག་པ་སྣ་ཚོགས་སླེབས་ཡོད་པ་དང་། སྐབས་དེར་ཁྲོང་ཆིང་གྲོང་ཁྱེར་ངོས་ནས་ཝང་ངལ་གསོའི་དུས་ཡིན་སྐོར་ཕྱིར་བཤད་ཡོད།

ཟླ་ ༣ པའི་ཚེས་ ༢ ཉིན།

གཞུང་ཕྱོགས་ཤིང་ཧ་གསར་ཁང་གིས་ཝང་ལིས་ཅུན་ལ་རྟག་དཔྱད་བྱེད་བཞིན་ཡོད་སྐོར་བརྗོད་ཅིང་།  དུས་དེ་ནས་བཟུང་མི་ཚོས་ལྟད་མོ་ལྟ་སའི་ཁ་ཕྱོགས་དེ་ཝང་ལི་ཅུན་གྱི་འགོ་གཙོ་པོའི་ཞི་ལེར་བསྒྱུར།

ཟླ་འདིའི་ནང་པེ་ཅིང་དུ་མི་མང་འཐུས་ཚོགས་འཚོགས་བཞིན་པའི་སྐབས་ཡིན་ལ་པོའི་ཞི་ལེ་ནི་ཚང་མའི་དོ་སྣང་བྱེད་ཡུལ་དུ་གྱུར།

ཟླ་ ༣  ཚེས་ ༩ ཉིན།

པོའི་ཞི་ལེ་གསར་འགོད་ལྷན་ཚོགས་ཐེངས་གཅིག་ཐོག་ཕྱིར་མངོན་ནས་བཟའ་ཟླ་དང་བུའི་སྐོར་དག་སེལ་བྱེད་སྐབས་་་ལ་ལས་ཕྱི་ཡུལ་དུ་སློབ་སྦྱོང་བྱེད་བཞིན་པའི་ངའི་བུས་ཧྥྭ་ལ་ལིའི་རླངས་འཁོར་དམར་པོ་གཏོང་གི་འདུག་ཟེར་བ་དེ་ནི་ཧམ་བཤད་རང་རེད་་་ང་ཁོང་ཁྲོ་ཆེན་པོ་ལངས་ཀྱི་འདུག  ང་དང་ངའི་བཟའ་ཟླ་གཉིས་སྒེར་ལ་རྒྱུ་ནོར་གང་ཡང་མེད་་་ལོ་བཅུ་གྲངས་རིང་དེ་འདྲ་བྱས་ནས་ཡོང་བསྡད་པ་རེད་ཅེས་འགྲེལ་བཤད་བྱས་པ་དེ་ནི་པོའི་ཞི་ལེ་ཕྱིར་མངོན་ནས་སྐད་ཆ་བཤད་པ་མཐའ་མ་དེའང་རེད།

ཟླ་  ༣  ཚེས་ ༡༤  ཉིན།

དམར་ཤོག་གི་སྲིད་བློན་ཝུན་ཅ་པོས་རྒྱལ་ཡོངས་འཐུས་ཚོགས་སྐབས་ཀྱི་གསར་འགོད་ལྷན་ཚོགས་ཐོག་མིང་འབོད་མེད་པའི་མདུང་རྩེ་པོའི་ཤི་ལེར་ཁ་གཏད་དེ་་འོན་ཀྱང་ད་ལྟའི་ཆར་ཁྲོང་ཆིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་གྲོང་ཁྱེར་སྲིད་གཞུང་གིས་ཡང་ནས་བསྐྱར་དུ་བསམ་བློ་གཏོང་ནས་ཝང་ལི་ཅུན་གྱི་ཐོག་ནས་ངེས་པར་དུ་བསླབ་བྱ་ལེན་དགོས་ཅེས་དང་། ད་དུང་གལ་ཏེ་བཅོས་བསྒྱུར་མ་བྱས་ཚེ་རིག་གནས་གསར་རྗེའི་ལོ་བཅུའི་སྐྱོ་གར་དེ་སླར་ཡང་ཐོན་སྲིད་པ་རེད་ཅེས་ཉེན་བརྡའང་སྤྲད་ཡོད།

ཟླ་ ༣  ཚེས་ ༡༥  ཉིན།

པོའི་ཞི་ལེའི་ཁྲོང་ཆིང་གྲོང་ཁྱེར་གི་འགན་གཙོའི་གོ་གནས་ཕྱི་བསྡུས་བྱས་པ་མ་ཟད།  སླར་ཁོའི་བཟའ་ཟླ་ཀུའུ་ཁེ་ལེ་དང་ཁྱིམ་གྱི་ནང་ལས་བྱེད་མཁན་ཀྲྭང་ཞོ་ཅུན་གཉིས་ལ་དབྱིན་ཇིའི་ཚོང་པ་ཧྭེ་ཝུ་ཏེ་བསད་པའི་དོག་གཞིའི་འོག་འབོད་འགུག་བྱས་རྗེས།  ཀུའུ་ཁེ་ལེ་ཡིས་ནག་ཉེས་བསགས་པའི་དོན་དངོས་དང་དཔང་རྟགས་ཧ་ཅང་གསལ་བའི་ཐོག་ཁྲིམས་ལྟར་ཉེས་པ་བཙུགས་རྒྱུའི་སྐོར་བསྒྲགས།

ཟླ་ ༤  པའི་ཚེས་  ༡༠  ཉིན།

གཞུང་ཕྱོགས་ནས་པོའི་ཞི་ལེའི་དབུས་ཆབ་སྲིད་ཅུས་ཀྱི་འཐུས་མི་དང་དབུས་གཞུང་ནང་ཁུལ་གྱི་གོ་གནས་དུས་ཡུན་མཚམས་འཇོག་དགོས་པའི་སྐོར་བསྒྲགས། ལྐོགས་ནས་ཞིབ་ཚགས་ཀྱིས་འཆར་གཞི་བསྒྲིགས་ཟིན་པའི་དམར་ཤོག་སྐབས་བཅོ་བརྒྱད་པའི་འཐུས་ཚོགས་དེའང་པོའོ་ཞི་ལེའི་གནད་དོན་གྱིས་ཟང་ཟིང་དུ་གྱུར།   དེའི་རིང་པོའོ་ཡི་གནད་དོན་དེ་རྒྱ་ནག་གང་སར་གླེང་གཞི་གཙོ་བོར་དང་། རྒྱལ་སྤྱིའི་གསར་ལམ་ཁག་གི་དོ་སྣང་བྱེད་ཡུལ་གྱི་བརྗོད་གཞི་གཙོ་བོར་གྱུར།

འགྲོན་ཆུང་གིས་འཚོ་བ་བསྐྱེལ་བར་འབོད་བསྐུལ་བྱེད་མཁན་པོའོ་ཞི་ལེས་སོ་སོའི་གཅེས་ཕྲུག་བུ་ཨ་རིའི་གྲགས་ཆེན་མཐོ་སློབ་ཧྭ་ཝར་སློབ་ཆེན་དུ་བསྐྱལ་པ་མ་ཟད།  པོའོ་ཞི་ལེ་བཟའ་ཟླ་གཉིས་ལ་གནས་ཚུལ་ལྷག་སྐབས་བུ་པོའོ་ཀ་ཀ་ཧྭ་ཝར་སློབ་ཆེན་དུ་དུས་ཡུན་ནང་གབ་ཡིབ་ཀྱིས་བསྡད།

ཟླ་ ༥ པའི་ཚེས་ ༢༤ ཉིན།

བུ་པོའོ་ཀ་ཀ་སློབ་མཐའི་མཇུག་བསྡོམས་མཛད་སྒོར་ཞུགས་སྐབས་ཨ་རིའི་ཧྭ་ཝར་སློབ་ཆེན་ནང་ཕྱིར་དུས་ཡུན་མངོན་སྐབས་ཁོ་ལ་སྤྱི་དམངས་སྲིད་ཇུས་སྐོར་གྱི་ཆེད་ལས་རམ་འབྱམས་པའི་གྲུབ་དོན་ལག་འཁྱེར་ཐོབ། སྐབས་དེར་རྒྱ་གཞུང་གིས་ཁོའི་ཕ་མ་གཉིས་ལ་མུ་མཐུད་ཉེས་དོན་རྟག་དཔྱོད་བྱེད་བཞིན་པའི་སྒང་རེད།

ཟླ་ ༦  ཚེས་  ༡༣  ཉིན།

རྒྱ་ནག་སྲིད་གཞུང་གིས་རེ་འདུན་ལྟར་ཅྭན་ཧྥུའུ་ཀྲེ་རྒྱལ་ཁབ་ཀྱིས་ཅྭིང་པན་ས་ཁུལ་དུ་ཧྥྭ་རན་སིའི་མི་ཏྭེ་ཝུ་ལེ་ཨར་ཤིང་ཟེར་བ་ཁོ་འཛིན་བཟུང་བྱས། ཏྭེ་ཝུ་ལེ་ཨར་ཤིང་ནི་པོའོ་ཞི་ལེའི་བཟའ་ཟླ་ཀུའུ་ཁེ་ལེའི་གྲོགས་པོ་རེད།  ཁོ་པེ་ཅིང་དུ་ཡོང་ནས་ཁོ་དང་ཀུའུ་ཁེ་ལེའི་དབར་གྱི་ནོར་སྲིད་སྐོར་གྱི་གནས་ཚུལ་དག་སེལ་ཆེད་དུ་འབྱོར།

ཟླ  ༧  ཚེས  ༡༧  ཉིན།

ཏྭེ་ཝུ་ལེ་ཨར་ཤིང་རྒྱ་ནག་ཏུ་འབྱོར་ནས་གྱོད་དོན་དང་འབྲེལ་བའི་སྐོར་གཞོགས་འདེགས་ཆོག་ལུགས་བཤད།  དུས་དེར་པོའོ་ཞི་ལེའི་དོན་རྐྱེན་དང་འབྲེལ་ནས་ཨ་རི་དང་དབྱིན་ཇི། དེ་མིན་ཧྥ་རན་སི་རྒྱལ་ཁབ་བཅས་ཀྱང་གྱོན་དོན་དེའི་ནང་ཚུད།

ཟླ  ༧  པའི་ཚེས་  ༢༦  ཉིན།

རྒྱ་ནག་ཤིང་ཧྭ་གསར་ཁང་གིས་སྲིད་གཞུང་ངོས་ནས་ཀུའུ་ཁེ་ལེ་ཡིས་མི་བསད་ཀྱི་གྱོན་དོན་ལ་ཁྲིམས་གཏུགས་བྱས་ཡོད་པ་དུས་མཚུངས་སུ་པོའོ་ཞི་ལེ་ཁྱིམ་གྱི་ནང་ལས་བྱེད་མཁན་ཀྲྭང་ཞོ་ཅུན་ཡང་གྱོན་དོན་དེའི་ནང་བཙུད་ཡོད་པ་རེད།

ཟླ ༨  ཚེས་  ༩  ཉིན།

ཀུའུ་ཁེ་ལེ་རྒྱ་ནག་ཨྭན་ཧུའེ་ཞིང་ཆེན་ཧཱེ་ཧྥེ་གྲོང་ཁྱེར་དུ་ཁྲིམས་རྭ་འཚོགས་ནས་ཉིན་གཅིག་གི་ནང་ཀུའུ་ཁེ་ལེར་དུས་འགྱང་སྲོག་ཁྲིམས་ཀྱི་ཐག་བཅད་དེ་ལམ་སེང་ལག་བསྟར་དགོས་པར་བསྒྲགས།

ཟླ  ༨  ཚེས་  ༢༠  ཉིན།

ཀུའུ་ཁེ་ལེར་ལོ་གཉིས་ཕྱི་འགྱང་གི་སྲོག་ཁྲིམས་དང་ཀྲང་ཞོ་ཅུན་ལ་ལོ་དགུའི་ཁྲིམས་ཐག་བཅད།  གཞུང་ཕྱོགས་ནས་བཤད་སྲོལ་ལྟར་ན་ཁོ་རང་གཉིས་ཀས་གྱོད་དོན་དེ་གོང་གཏུག་བྱ་རྒྱུ་མིན་ལུགས་ངོས་ལེན་བྱས་ཡོད་འདུག   དུས་མཚུངས་སུ་ཁྲོང་ཆིང་གྲོང་ཁྱེར་གྱི་ཉེས་རྟོག་སྡེ་ཚན་གྱི་དཔོན་པོ་གཞན་བཞི་ལའང་དབང་ཆ་བེད་ལོག་བྱས་པའི་ཉེས་མིང་གཅིག་མཚུངས་འོག་ལོ་ལྔ་ནས་བཅུ་གཅིག་བར་ཁྲིམས་ཐག་བཅད།   ཁོ་ཚོ་བཞིར་ཀུའུ་ཁེ་ལེའི་གྱོན་དོན་དང་འབྲེལ་བའི་དཔང་རྟགས་ལ་གཡོལ་ཞིང་ཉེས་པ་འགེབས་སྲུང་གི་ཉེས་མིང་བཏགས།

ཟླ  ༩  པའི་  ༢༤  ཉིན།

པོའོ་ཞི་ལེ་བཟའ་མི་གཉིས་ཀྱི་ཉེས་དོན་ཐད་འདོན་བྱེད་མཁན་ཝང་ལི་ཅུན་སོ་སོ་ལའང་ཁྲིམས་ཆད་ལོ་བཅུ་གཅིག་ཕོག  ཉེས་མིང་ནི་དབང་ཆ་བེད་སྤྱོད་དེ་ཁྲིམས་འགལ་བྱ་བ་བྱས་པ་དང་ངོ་ལོག་ཕྱིར་བྲོས་བརྩིས་བྱས་པ།  ལྐོགས་ཟ་རུལ་སུངས་བཅས་ཡིན།

ཟླ  ༩  པའི་ཚེས་  ༢༨  ཉིན།

པོའོ་ཞི་ལེའི་གྱོད་དོན་ལ་རྒྱ་གཞུང་དབུས་ཆབ་སྲིད་ཅུས་ཀྱིས་དངོས་སུ་ལག་པ་འཆང་ནས་པོའོ་ཞི་ལེའི་དམར་ཤོག་ནང་དང་སྤྱིའི་དབང་ཆ་ནས་ཕྱི་ཕུད་བཏང་བ་མ་ཟད།  པོའོ་ཡི་གྱོད་དོན་དེ་ཁྲིམས་ཁང་སྡེ་ཚན་ལ་བརྩིས་སྤྲོད་བྱས།  གཞུང་ཕྱོགས་ནས་པོའོ་ཡིས་ལོ་མང་རིང་དམར་ཤོག་གི་སྒྲིག་ཁྲིམས་དང་འགལ་ཞིང་། ཀུའུ་ཁེ་ལེ་དང་ཀྲང་ཞོ་ཅུན་གྱིས་དམིགས་སུ་བཀལ་ཏེ་མི་བསད་པའི་ཉེས་དོན་ལ་གཡོལ་ནས་དབང་ཆ་བེད་ལོག་སྤྱོད་དེ་སྒེར་དོན་སྒྲུབ་ནས་དངུལ་འབོར་ཆེན་ཟོས་པ།  རྟག་དཔྱད་མེད་པར་མི་བེད་སྤྱོད་བཏང་བ།   བུད་མེད་དབར་ཚུལ་མིན་གྱི་ཕོ་མོ་འབྲེལ་བ་བྱས་པ། དེ་མིན་པོའོ་ཞི་ལེ་དང་འབྲེལ་བའི་ཉེས་དོན་གཞན་གྱི་རྒྱུ་ཆའང་ཡོད་སྐོར་བཅས་སྤྱི་བསྒྲགས་བྱས།

ཟླ ༡༠  པའི་ ༢༦ ཉིན།

པོའོ་ཞི་ལེའི་དབུས་མི་མང་འཐུས་ཚོགས་ཀྱི་འཐུས་མིའི་གོ་གནས་དང་གོང་གཏུག་ཆོག་པའི་ཁྲིམས་ཀྱི་དབང་ཆར་ཚོད་བཀག་བཟོས། གཞུང་ཕྱོགས་གསར་གནས་ཀྱིས་པོའོ་ཞི་ལེའི་གྱོན་དོན་དངོས་སུ་རྟག་དཔྱོད་དང་བཙན་གྱིས་ལག་བསྟར་བྱ་དགོས་སྐོར་སྤེལ་ཡོད།

ཕྱི་ལོ  ༢༠༡༢  ཟླ་༡༡  ལ།

དབུས་པེ་ཅིང་དུ་ཚོགས་ཆེན་སྐབས་བཅོ་བརྒྱད་པ་འཚོགས་ཅིང་ལོ་རེའི་དབང་ཆ་བར་བརྒལ་ལམ་ལུགས་འགྲོ་བཞིན་པའི་དུས་ཞྭི་ཅིང་ཧྥིང་གིས་ཅྭང་རྩེ་མིན་ཚབ་བྱས་ནས་དམར་ཤོག་གི་འགོ་གཙོའི་དབང་ཆ་འཛིན།  དེ་མིན་ལྭི་ཁེ་ཆང་སོགས་མི་གྲངས་ལྔ་དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་དུ་འགོ་འཁྲིད་ཀྱི་དཔུང་ཁག་ཏུ་གྱུར། པོའོ་ཞི་ལེ་སྐབས་དེར་བཙོན་རྭར་བསྡད་དགོས་བྱུང་ནས་མི་ཚོའི་མིག་ལམ་ནས་ཡལ་ནས་བཙོན་ཁྲིམས་ཀྱི་བྲོ་བ་མྱོང་འགོ་བརྩམས། ཟླ་བ་ཁ་ཤེས་རིང་ཕྱི་ཕྱོགས་ནས་པོའོ་ཞི་ལེའི་གྱོད་དོན་སྐོར་ཤེས་ཐབས་མེད་ལ། ཁོ་ལ་བསམ་འཆར་གང་ཡོད་མེད་ཁོའི་ཁྲིམས་རྩོད་པས་འཐུས་ཚབ་བྱེད་དེ་སྐད་ཆ་གང་ཡང་བཤད་མེད་པ་རེད།

༢༠༡༣  ལོའི་  ༧  པའི་ཚེས་ ༢༥  ཉིན།

གཞུང་འབྲེལ་གསར་འགྱུར་ཁག་གིས་པོའོ་ཞི་ལེ་ལྐོགས་ཟ་རུལ་སུངས་དང་དབང་ཆ་བེད་ལོག་གཏོང་བའི་ཉེས་མིང་འོག་ཉིན་དེར་རྒྱ་ནག་ཧྲྭན་ཏུང་ཞིང་ཆེན་ཅྭི་ནན་གྲོང་ཁྱེར་ནང་ཁྲིམས་ཐོག་དངོས་སུ་སྦྱར།

ཟླ  ༨  ཚེས་ ༡༩  ཉིན།

པོའོ་ཞི་ལེའི་བུ་པོའོ་ཀ་ཀ་ལོ་གཅིག་རིང་གི་ཁུ་སེམ་མེར་གྱི་གནས་སྟངས་དོར་ནས་ཨ་རིའི་དུས་བབ་གསར་ཁང་དུ་ཡི་གེ་གཏོང་ནས་ཕ་ལགས་ལ་སྡོམ་རྒྱ་གང་ཡང་མེད་པའི་སྒོ་ནས་སོ་སོའི་ཆེད་དུ་དག་སེལ་ཡོང་བའི་རེ་འདུན་ཡོད་སྐོར་བཤད་ཡོད་པ་རེད།

༢༠༡༣  ཟླ  ༨  ཚེས་  ༢༢  ཉིན།

ཉེ་བའི་ལོ་བཅུ་གྲངས་རིང་གི་ཁྲིམས་རྭ་འགངས་ཆེན་དེ་རྒྱ་ནག་ཧྲྭན་ཏུང་ཅི་ནན་འབྲིང་རིམ་མི་མང་ཁྲིམས་ཁང་དུ་ཞོགས་པར་ཆུ་ཚོད་བརྒྱད་དང་སྐར་མ་ཞེ་གསུམ་ཐོག་འགོ་བཙུགས་ཡོད་པ་རེད། སྐབས་དེར་ཁོའི་སྤུན་ཉེ་དྲུག་དང་གསར་འགོད་པ་བཅུ་དགུ་ཁྲིམས་རྭར་ཞུགས་ཡོད། ཚོགས་ཐོག་ནས་པོའོ་ཞི་ལེར་བཙུགས་པའི་ལྐོགས་རྔན་ཟོས་པ་དང་ལྐོགས་ཟ་རུལ་སུངས། དབང་ཆ་བེད་ལོག་གཏོང་བའིཉེས་མིང་གསུམ་ནང་གི་ལྐོགས་རྔན་ཟས་ཚུལ་ལ་ངོས་ལེན་མ་བྱེད་པའི་གནས་ཚུལ་ཟུར་ཙམ་ཐོན་ཡོད། 

Share this:
༧༣ ཀློག་གྲངས།