པའོ་ཞི་ལེ་ལ་ཁྲིམས་ར་འཚོགས་བཞིན་པ།

main201308221343000287362108478རྒྱ་ནག་ཧྲེ་ཏུང་ཞིང་ཆེན། ཅི་ནན་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཕྱི་ཟླ་༨ པའི་ཚེས་༢༢ ཉིན། པའོ་ཞི་ལེ་ལ་ལྐོག་རྔན་ལེན་པ་དང་ལྐོག་ཟ་རུལ་སུངས། དབང་ཆ་བེད་སྤྱོད་ལོག་པར་བཏང་བའི་ཉེས་འཛུགས་འོག  ཁྲིམས་ར་རུ་པའོ་ཞི་ལེ་དང་འབྲེལ་ཡོད་ཉེས་འཛུགས་བདེན་དཔང་མི་སྣ། ཉེས་འཛུགས་མི་སྣའི་གཉེན་ཉེ།

དེ་བཞིན་མི་མང་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་། སྲིད་གྲོས་ཀྱི་རྒྱུན་ལས། གསར་འགོད་པ་དང་ལས་རིགས་འདྲ་མིན་གྱི་མི་མང་བཅས་ཁྱོན་མི་བརྒྱ་ལྷག་གིས་ཟུར་ཉན་བྱས་ཡོད་པ་རེད།

main201308221343000287362108478

ཕྱི་ཚེས་༢༢ ཉིན་གྱི་ཞོགས་པའི་ཆུ་ཚོད་༨ དང་སྐར་མ་༤༥ ཐོག་ཁྲིམས་ར་འགོ་འཛུགས་བྱས་ཡོད་པ་དང་། ཁྲིམས་གཏུགས་པས་ཁྲིམས་གཏུགས་ཡི་གེའི་སྒྲོག་སྦྱངས་བྱས་པའི་ནང་། “ ཕྱི་ལོ་༡༩༩༩ ལོ་ནས་༢༠༠༢ ལོའི་བར། པའོ་ཞི་ལེ་ཡིས་ཏཱ་ལེ་གྲོང་ཁྱེར་མི་མང་སྲིད་གཞུང་གི་སྤྱི་ཁྱབ་དང་། རྒྱ་ནག་དམར་ཤོག་གི་ཏཱ་ལེ་གྲོང་ཁྱེར་དམར་ཤོག་དྲུང་ཆེ། ལེའོ་ནི་ཞིང་ཆེན་མི་མང་སྲིད་གཞུང་གི་འགོ་འཛིན། ཚོང་ལས་ལྷན་ཁང་གི་བློན་ཆེན་བཅས་ཀྱི་དབང་ཆ་བེད་སྤྱོད་བྱས་ནས། ཏཱ་ལའེ་རྒྱལ་སྤྱིའི་ཡར་སྤེལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་འགོ་འཛིན་ཐང་ཞའོ་ལི་དང་། ཏཱ་ལའེ་ཧྲི་ཏི་རུ་ཁག་ཚད་ཡོད་ཀུང་སིའི་འགོ་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཞུའུ་མཱི་ཡིས་རེ་འདུན་ལྟར། འབྲེལ་ཡོད་ལས་ཁུངས་དང་སྒེར་གྱི་སྙན་ཞུ་བརྒྱུད་ནས་རྡོར་འགྱུར་གྱི་ལེན་ཐབས་ལ་རོགས་རམ་བྱས་པ། ཐད་ཀར་རམ་ཡང་ན་བཟའ་ཟླ་གུ་ཁེ་ལེ་དང་བུ་པའོ་ཀྭ་ཀྭ་བརྒྱུད་ནས་གོང་ཞུས་མི་གཉིས་ཀྱི་རྒྱུ་དངོས་ཁྱོན་བསྡོམས་རྒྱ་སྒོར་ཁྲི་༢༡༧༩ ཙམ་ལེན་པ། ཕྱི་ལོ་༢༠༠༢ ལོར། པའོ་ཞི་ལེ་ཡིས་ལེའོ་ནི་ཞིང་ཆེན་མི་མང་སྲིད་གཞུང་གི་འགོ་འཛིན་གྱི་ལས་འགན་ཁུར་སྐབས། དབང་ཆ་བེད་སྤྱོད་བཏང་ཏེ་གྲོགས་གཞན་དང་མཉམ་དུ་ལེའོ་ནི་མི་མང་སྲིད་གཞུང་གི་སྤྱི་དམངས་མ་དངུལ་རྒྱ་སྒོར་ཁྲི་༥༠༠ ཙམ་ཧམ་ཟ་བྱས་པ། ཕྱི་ལོ་༢༠༡༢ ལོའི་ཟླ་༡ ནས་༢ པའི་བར། ཁྲུང་ཆིང་གྲོང་ཁྱེར་དམར་ཤོག་ཚོགས་པའི་དྲུང་ཆེ་ཡིན་པའི་པའོ་ཞི་ལེ་ཡིས། འབྲེལ་ཡོད་མི་སྣས་ཀུ་ཁེ་ལེ་ཡིས་བསམ་བཞིན་མི་བསད་པའི་དོན་རྐྱེན་ཕྱིར་བསྒྲགས་པ་དང་། ཁྲུང་ཆིང་གྲོང་ཁྱེར་མི་མང་སྲིད་གཞུང་གི་གྲོང་ཁྱེར་འགོ་འཛིན་གཞོན་པ་ཝང་ལི་ཅུས་བྲོས་བྱོལ་དུ་སོང་བའི་སྔ་གཞུག་ཏུ། ཁྲིམས་འགལ་གྱིས་ཀུ་ཁེ་ལེ་ཡིས་བསམ་བཞིན་མི་བསད་པའི་དོན་རྐྱེན་ལ་བསྐྱར་དུ་བརྟག་དཔྱད་བྱས་པར་འགོག་རྐྱེན་བཟོས་པ། ཝང་ལི་ཅུས་ཀྱིས་དགོངས་ཞུའི་ངོ་བོའི་ཐོག་ནས་སྨན་བཅོས་བྱེད་བཞིན་པའི་གནས་ཚུལ་རྫུན་མ་བཟོས་ཏེ། ཕྱིར་ཁྱབ་བསྒྲགས་བྱས་པར་ཆོག་མཆན་སྤྲད་པ་སོགས་དབང་ཆ་བེད་སྤྱོད་ལོག་པར་བཏང་བའི་བྱ་སྤྱོད་གཅིག་རྗེས་གཉིས་མཐུད་དུ་སྤེལ་བ་དང་། དོན་རྐྱེན་དེ་ནི་གོང་གི་གྱོད་དོན་རྣམས་དུས་ཐོག་ཁྲིམས་ལུགས་ལྟར་ཐག་གཅོད་བྱས་མ་ཐུབ་པ་དང་ཝང་ལི་ཅུས་བྲོས་བྱོལ་བྱས་དགོས་པའི་རྒྱུ་རྐྱེན་གཙོ་བོ་ཡིན་པ་མ་ཟད། ཕྱི་ཚོགས་ཐོག་དམིགས་བསལ་ཤུགས་རྐྱེན་ཧ་ཅང་ངན་པ་བཟོས་ཏེ། རྒྱལ་ཁབ་དང་མི་མང་གི་ཁེ་ཕན་ལ་གནོད་སྐྱོན་ཕོག་པ་”ཞེས་སོགས་འཁོད་ཡོད་པ་རེད།

འོན་ཀྱང་། ནག་འཛུགས་ཉེས་ཅན་པ་པའོ་ཞི་ལེ་ཡིས་ཁྲིམས་གཏུགས་ཡི་གེའི་ནང་གི་ལྐོག་རྔན་ལེན་པའི་སྐྱོན་འཛུགས་སྐོར་ལ་འགྲེལ་བརྗོད་བྱས་སྐབས། ལྐོག་རྔན་ལེན་པའི་སྐྱོན་འཛུགས་ལ་རྩ་བ་ནས་ཁས་ལེན་བྱས་མེད་པ་རེད།

ཁྲིམས་ར་རུ་ཁྲིམས་ཞིབ་བྱེད་པའི་བརྒྱུད་རིམ་ཁྲོད་པའོ་ཞི་ལེ་ཡི་གནས་སྟངས་ཅུང་བདེ་བོ་ཡོད་དང་། གཟུགས་གཞིའི་གནས་སྟངས་ཀྱང་རྒྱུན་ལྡན་ལྟར་ཡོད་པ་རེད་ལ། ཁྲིམས་ར་མུ་མཐུད་དུ་དགོང་དྲོ་ཆུ་ཚུད་༦ པའི་བར་དུ་འཚོགས་ཡོད་པ་དང་། སང་ཉིན་ཕྱི་ཚེས་༢༣ ཉིན་གྱི་སྔ་དྲོ་སླར་ཡང་ཁྲིམས་ར་འཚོགས་རྒྱུ་ཡིན་འདུག

Share this:
༡༡༦ ཀློག་གྲངས།