ཁམས་ཏྲེ་ཧོར་བྲག་མགོ་རྫོང་གི་ཡུལ་མི་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ།

ཕྱི་ཚེས་༢༦ དང་༢༧ གང་རུང་ཞིག་ལ་དམག་མི་རུ་ཁག་ཅིག་གིས་རྩ་རའི་ཁུག་མ་མང་པོ་འཁྱེར་ཏེ་བྲག་མགོ་ཤིང་ཁོག་བར་མདའ་གྲོང་སྡེ་རུ་འོངས་ནས་བཙན་ཤེད་ཀྱིས་གྲོང་མི་རྣམས་ལ་ཞིང་ལུད་བསྐྱལ་ཏེ་ཞིང་ཁ་འདེབས་ལས་བྱེད་དགོས་སྐོར་བརྗོད་སྐབས་གྲོང་མི་རྣམས་ཀྱིས་ཉན་འཇོག་མ་བྱས་པར་བརྟེན་མི་བཅུ་བཞི་ཙམ་ལ་རྨས་སྐྱོན་ཚབས་ཆེན་བཏང་སྟེ་ད་ཆ་རྫོང་ཐོག་ཏུ་སྨན་ཁང་དུ་ལུས་ཡོད་པ་དང་སྨན་ཁང་གི་ཕྱི་ནས་དམག་མིས་སྐོར་ཏེ་ནང་མི་སོགས་ལ་འབྲེལ་གཏུགས་བྱེད་འཇུག་གི་མེད་པའི་གནས་ཚུལ་བྱུང་འདུག།

Share this:
༡༠༣ ཀློག་གྲངས།