ཨ་ཕས་རང་གི་བུ་ཕྲུག་ལྔ་ལ་མེ་མདའ་བརྒྱབ་འདུག

    ཨ་ཕ་རང་ལོ་ ༣༤ ཅན་མིང་ལ་ཧཱར་རིའི་སན་ཟེར་བ་དེ་སྒེར་གྱི་རླངས་འཁོར་གྱི་འགྲམ་དུ་མགོ་ལ་མེ་མདའ་བརྒྱབ་སྟེ་ཤི་ཡོད་པ་དང༌། ཉེན་རྟོག་པ་མདུན་ལ་སོང་སྐབས་རླངས་འཁོར་གྱི་མེ་སྤར་ནས་བཞག་འདུག་པས་གཅིག་བྱས་ན་འབྲོ་ཐབས་བྱས་ཡོད་ས་རེད་ཅེས་དང༌། ཡང་རླངས་འཁོར་གྱི་ནང་དུ་ཁ་ཆེམས་སོགས་བཞག་ཡོད་མེད་ལ་ཞིབ་འཇུག་བྱས་ཡོད་ཀྱང་གང་ཡང་མི་འདུག་ཅེས་བརྗོད་ཡོད་པ་རེད། ནང་མི་ཁྱིམ་མཚེས་འགའ་རེས་བཟའ་ཟླས་ཁྱོ་ག་དང་ཁ་བྲལ་གྱི་ཡིན་ཞེས་བརྗོད་ནས་གནས་ཚུལ་དེ་ལྷག་པ་རེད་ཅེས་བརྗོད་ཡོད་ཀྱང༌། ཕྲུ་གུ་ཚོར་མེ་མདའ་མ་བརྒྱབ་པའི་སྔོན་དེར་བཟའ་ཚང་གཉིས་མཉམ་དུ་འགྲོ་ཡི་ཡོད་པ་མཐོང་སོང་ཞེས་བརྗོད་མཁན་ཡང་ཡོད་པ་རེད།།

Share this:
༦༣ ཀློག་གྲངས།