བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར།

ད་ལྟ་བོད་ནང་ཛ་དྲག་མེད་པ་མ་རེད་མོད། སྒྲུབ་ཕྱོགས་ཀྱི་ལས་དོན་གལ་ཆེན་པོ་ཡིན་པས། ༢༠༠༩ ཡི་མི་འབོར་ཞིབ་བཤེར་འདི་ཟླ་ཕྱི་ཟླ་༤ པའི་ཚེས་༡༢ ཉིན་རྒྱ་བལ་གསུམ་གྱི་ས་གནས་༢༢༠ ཕྱི་རྒྱལ་དོན་གཅོད་དགུའི་འོག་གི་ས་གནས་༤༠ ལྷག་ཅིག་ནང་བཞི་བཤེར་བྱེད་ཀྱི་ཡོད་པ་རེད། ༡༩༩༨ ནས་ད་ལྟའི་བར་མི་འབྱོར་གྱི་གྲངས་ཚད་ལ་འཕོ་འགྱུར་ག་ཚོད་ཕྱིན་འདུག ཤེས་ཚད་ལ་འཕོ་འགྱུར་ག་ཚོད་ཕྱིན་འདུག དེ་བཞིན་ལོ་ལྔ་བཅུའི་ནང་ལ་ང་ཚོའི་གནས་ཚད་ག་ཆགས་འདུག་དེ་ཚོ་གསལ་བོ་ཆགས་ཀྱི་རེད། གཞུང་གི་སྲིད་བྱུས་གཏན་འབེབས་བྱེད་སྟངས་དང། རོགས་ཀྱི་འཚོལ་སྟངས་ཚང་མ་ཕན་ཐོགས་ཆེན་པོ་ཡོད་པས། ཚང་མ་གྲངས་ཐོའི་ནང་སླེབས་ཐབས་བྱེད་དགོས་པ་རེད་ཅེས་འགྲེལ་བརྗོད་གནང་སོང།
    དེ་བཞིན་ཉིན་དེར་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ཡིག་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། བཙན་བྱོལ་ནང་ཡོད་བོད་མི་ཚོར་ྲགྱ་གར་ནང་གཏན་སྡོད་ལག་ཁྱེར་(RC) གསར་དང་དུས་འགྱངས། ཕྱི་བསྐྱོད་ལག་ཁྱེར་(IC)གསར་བཟོ་བཅས་ཀྱི་དཀའ་ངལ་སྐོར་འབྲེལ་ཡོད་ཕྱི་སྲིད་ལས་ཁུངས་སུ་སྔ་རྗེས་བཀའ་མོལ་ཞུས་པར་ཕྱི་སྲིད་ལས་ཁུངས་ནས་རིང་མིན་ཕྱི་ཟླ་༤ ནང་བོད་མིའི་མི་འབོར་ཞིབ་བཤེར་སྐབས་རྒྱ་གར་ལ་དགོས་མཁོའི་བཙན་བྱོལ་བོད་མིའི་གྲངས་འབོར་དང་ལོ་རྒྱུས་དགོས་འདུན་གནང་བ་ལྟར་བསྡུ་རྒྱུའི་ཁས་ལེན་ཞུས་ཟིན་ལྟར། མ་འོངས་པར་མི་འབོར་ཞིབ་རྗེས་བོད་ནས་གསར་འབྱོར་དང། གསར་སྐྱེས་ཕུད་དེ་བྱིངས་རྣམས་ལ་རྒྱ་གར་ནང་གཏན་སྡོད་ལག་ཁྱེར་ (RC)དང། ཕྱི་བསྐྱོད་ལག་ཁྱེར་བཅས་གསར་ཞུ་དང་དུས་འགྱངས་སྐབས་མི་འབོར་གྲངས་ཐོའི་མ་དེབ་གཞིར་བཟུང་རྩ་འཛིན་གནང་རྒྱུ་ཡིན་ལུགས་འགྲེལ་བརྗོད་གནང་འདུག་ན། ད་རེས་ཕྱི་ལོ་༢༠༠༩ ཕྱི་ཟླ་༤ ཚེས་༡༢ ཉིན་གནང་རྒྱུའི་མི་འབོར་ཞིབ་བཤེར་ཐེངས་གཉིས་པའི་སྐབས་རྒྱ་གར་ཁུལ་གནས་སྡོད་བཙན་བྱོལ་བོད་མི་ཡོད་དོ་ཅོག་ནས་ཆ་ཤས་ངེས་པར་ལེན་དགོས་གལ་ཆེ་ཡིན་སྟབས། མ་ཚོགས་ནང་རང་དོན་རང་གཅེས་ཀྱིས་མི་འབོར་ཞིབ་བཤེར་སྐབས་འཚེམས་ལུས་མེད་པར་ཐོ་འགོད་ངེས་པར་དགོས་པའི་ཁུངས་སོ་སོར་བཀོད་ཁྱབ་ནན་འདྲོངས་འཕྲལ་དུ་གནང་དགོས་ཕེབས་འདུག་པ་ཅེ་དོན་དགོངས་འཇགས་ཞུ་ཞེས་འཁོད་ཡོད་པ་རེད།།

Share this:
༦༧ ཀློག་གྲངས།