ཆབ་སྲིད་བཙོན་པ་ཁག་ཅིག་གློད་གྲོལ།

    ཉེ་སྔོན་ཕྱི་ཟླ་༢ ཚེས་༢༥ ཉིན་མདོ་སྨད་མང་ར་ཀླུ་ཚང་དགོན་པའི་དགེ་འདུན་པ་ཚོས་ཞི་བའི་མར་མེའི་ཁྲོམ་སྐོར་བྱས་ཏེ། རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་ཁྲོད་ནས་དགེ་འདུན་པ་༡༠༩ ཙམ་འཛིན་བཟུང་བྱས་ཡོད་པ་དང། ཟླ་༣ ཚེས་༢༡ ཉིན་དགེ་འདུན་པ་༡༠༣ ཙམ་གློད་གྲོལ་བཏང་ཡོད་ཀྱང། གྲྭ་འཇམ་དབྱངས་ཤེས་རབ་དང་འཇམ་དབྱངས་དངོས་གྲུབ། འཇམ་དབྱངས་མཁྱེན་རབ། ལུང་རྟོགས། ཀུན་བཟང། ཐབས་མཁས་རྒྱ་མཚོ་བཅས་གྲྭ་བ་༦ མུ་མཐུད་བཀའ་ཉར་བྱས་ཡོད་མོད། ཉིན་འགའི་སྔོན་ལ་གོང་གི་གྲྭ་བ་དྲུག་དང་སུམ་མདོ་ཞིང་གི་ལས་བྱེད་བཀྲ་ཤིས་དོན་འགྲུབ། སྐབས་དེར་བོར་བརླག་ཏུ་ཕྱིན་པའི་བཀྲ་ཤིས་དོན་འགྲུབ་ཀྱི་སྤུན་ཆུང་སྦྱིན་པ་རྒྱ་མཚོ་བཅས་གློད་གྲོལ་བཏང་ཡོད་འདུག ཡིན་ནའང་གོང་གི་མི་དེ་དག་ད་བར་བཙོན་ཁང་ནས་གནས་སྟངས་ཅི་བྱུང་དང་གློད་གྲོལ་སྐབས་དངུལ་སྤྲད་ཡོད་མེད། དེ་བཞིན་ཁོང་རྣམས་ཕྱིར་རང་རང་གི་ལས་གནས་སུ་ཞུགས་ཆོག་མིན་བཅས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་མི་འདུག།།

Share this:
༡༠༦ ཀློག་གྲངས།