ཡུ་རོབ་མཉམ་འབྲེལ་དང་རྒྱ་ནག་བར་གྱི་ལྷན་ཚོགས།

རྒྱ་ནག་གིས་ལོ་སྔོན་མ་ནས་འགོ་བཙུགས་ཏེ་བོད་མིར་སྲོག་ཐོག་གི་ཁྲིམས་ཆད་གཏོང་རྒྱུ་མང་དུ་བཏང་བ་རྣམས་མཚམས་འཇོག་དགོས་སྐོར། དེ་བཞིན་བོད་རྒྱ་གཉིས་དབར་གྲོས་མོལ་འགྲོ་བཞིན་པར་ལུགས་མཐུན་གྱིས་བརྡ་ལན་དགོས་སྐོར་སོགས། ལྷན་ཚོགས་དེར་ཕེབས་རྒྱུ་ཡིན་པའི་རྒྱ་ནག་གི་དཔོན་རིགས་ཚོར་ནན་བརྗོད་བྱེད་འཆར་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད་ཅེས་ཡུ་རོབ་སྐུ་ཚབ་ཀྱི་དམིགས་བསལ་ལས་རོགས་བསྟན་འཛིན་གྱིས་གནས་ཚུལ་མཁོ་སྤྲོད་གནང༌སོང།།

Share this:
༧༧ ཀློག་གྲངས།