སུད་སི་བོད་རིགས་ཚོགས་པས་འགན་ལེན་མེད།

དགུ་བཅུ་གསུམ་གྱི་ཚོགས་མི་དྲུག་པོའི་ཐད་མང་མོས་གྲོས་ཐག་ཆོད་པའི་གནད་དོན་ཁག་ནི། དེ་སྔ་དགུ་བཅུ་གསུམ་གྱི་ཚོགས་མི་དྲུག་པོ་དག་ལ་བདུན་ཕྲག་གཅིག་རིང་བསམ་ཤེས་ཐོངས་བའི་དུས་ཚོད་ཕུལ་བ་བཞིན་ཚོགས་མི་གཅིག་སྟེ་བློ་བཟང་མཁས་གྲུབ་ལགས་ནས་དགོངས་པ་བཞེས་ཏེ་ཕྱིར་རྒྱ་གར་དུ་ལོག་གཏན་ཁེལ་བར་བརྟེན་བསྔགས་བརྗོད་ཀྱིས་ཁོང་ཉིད་དུས་ཡུན་རིང་པོ་མ་ཐོགས་པར་ཕྱིར་རང་གནས་སུ་འབྱོར་ཐབས་བྱ་རྒྱུ་སྤྱི་མོས་ཐག་ཆོད་གནང༌། ཚོགས་མི་གཞན་ལྔ་པོ་ནས་བཟང་ཕྱོགས་ཀྱི་ཡ་ལན་མ་བྱུང་ཡང༌། ཚོགས་མི་ལྔ་པོ་དག་ལ་བསྐྱར་དུ་ཐུགས་བསམ་ནན་པོ་བཞེས་རྒྱུའི་དུས་ཡུན་ཕྱི་ཚེས་༡༩ བར་དུ་འབུལ་རྒྱུ་བྱས། དུས་བཀག་དེའི་མཚམས་ནས་ཐོག་མའི་ཐག་ཆོད་ཟིན་པ་བཞིན་འཕྲལ་དུ་རྩིས་སྤྲོད་བྱ་རྒྱུ་མ་ཟད། དུས་ཡུན་དེའི་རིང་རྩིས་སྤྲོད་བྱེད་ཕྱོགས་སྐོར་ལའང་འབྲེལ་ཡོད་ལས་བྱེད་མཉམ་དུ་སློབ་སྟོན་མཐིལ་ཕྱིན་ཞུ་རྒྱུ་བྱས། མི་ཚང་དང་གྲོགས་པོ་སོགས་སུས་སྐུལ་སློང་ངམ་རོགས་སྐྱོར་བྱས་ཏེ་ཉར་སྡོད་བྱས་པའི་གནས་ཚུལ་སོགས་ཉེན་རྟོག་པས་ར་སྤྲོད་བྱུང་ན་ཁྲིམས་ཐོག་ནས་ལོ་གཅིག་རིང་བཙོན་བཅུག་དང་དཔལ་འབྱོར་གྱི་ཉེས་ཆད་ལྗིད་པོ་ཕོགས་རྒྱུར་བརྟེན། ང་ཚོ་བོད་རིགས་མི་མང་ནས་འགན་ལེན་གང་ཡང་མེད་ཅེས་སོགས་འཁོད་ཡོད་པ་རེད།།

Share this:
༨༥ ཀློག་གྲངས།