བོད་ནང་གི་མཁན་པོ་ཁག་ཅིག་གི་འབོད་སྐུལ།

    དོན་ཚན་དེ་དག་ནང་འཁོད་དོན། གྲོང་པ་ཕན་ཚུན་བར་འཁྲུག་རྩོད་བྱ་རྒྱུ་མེད་པ། ནམ་རྒྱུན་ལུས་ལ་མཚོན་ཆ་འདོགས་རྒྱུ་མེད་པ། དུ་བ་འཐེན་པ་དང་ཆང་རག་འཐུང་རྒྱུ་མེད་པ། དེང་སང་དངུལ་དངོས་ཆེད་བླ་སྤྲུལ་རྫུན་མ་མང་པོ་རྒྱ་ནག་ཏུ་སོང་ནས་མགོ་སྐོར་གཏོང་བཞིན་པ་མཚམས་འཇོག་དགོས་པ། ལྷ་ཁང་དང་དགོན་པ་བཞེངས་རྒྱུར་ཁག་གཡོགས་ནས་མི་མང་ནང་དུ་ཞལ་འདེབས་བསྡུ་སློང་བྱ་རྒྱུ་མེད་པ། རི་དྭགས་གསོད་པ་དང་སྟག་གཟིག་གི་པགས་རིགས་གྱོན་རྒྱུ་མེད་པ། ག་དུས་ཀྱང་བོད་ཀྱི་ཁྱད་ཆོས་མངོན་པའི་ཆས་གོས་གྱོན་དགོས་པ་སོགས་འཁོད་ཡོད་འདུག་པ་དང། གལ་སྲིད་དེ་ལྟར་ལག་ལེན་དུ་མ་བསྟར་ཚེ། དགོན་པའི་ཆོས་ཁྲིམས་དང་འགལ་བ་ཡིན་སྟབས་མི་ཤི་ན་ཚ་གང་ཞིག་བྱུང་ཡང་དགོན་པའི་ངོས་ནས་རོགས་རམ་གང་ཡང་བྱ་རྒྱུ་མིན་ལུགས་སོགས་འཁོད་ཡོད་འདུག
    དོན་ཚན་དེ་དག་གི་དམིགས་ཡུལ་གཙོ་བོ་ནི། བོད་ཀྱི་ས་ཁུལ་མང་པོར་ས་རྩོད་ཆུ་རྩོད་ཀྱིས་བོད་མི་ནང་ཁུལ་མི་གསོད་ཁྲག་སྦྱོར་གྱི་ལས་ངན་མང་པོ་ཐོན་བཞིན་པ་དེ་དག་འགོག་ཐབས་ཀྱི་ཆེད་དུའང་ཡིན་འདུག །

Share this:
༡༡༨ ཀློག་གྲངས།