ཁམས་འབྲི་རུ་རྫོང་ཐོག་ཏུ་སློབ་མས་རྒྱ་གཞུང་ལ་ངོ་རྒོལ།

དེ་ཡང་འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ༩ ཚེས་༢༩ དགོང་མོ་འབྲི་རུ་རྫོང་དུ་སློབ་གྲྭ་ཆེ་འབྲིང་ཆུང་འབྲིང་གི་སློབ་མ་གྲངས་༤༠༠༠ ཙམ་གྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་དང་། སྐབས་དེ་དུས་དགེ་རྒན་ཚོས་བཀག་འགོག་བྱེད་ཐབས་བྱེད་སྐབས་སློབ་མ་ཚོས་དགེ་རྒན་ཁག་ཅིག་ལ་ཉེས་རྡུང་བཏང་འདུག

སྤྱིར་འབྲི་རུ་རྫོང་ཐོག་ཏུ་སློབ་མ་བཞི་སྟོང་ཡོད་པའི་ནང་ནས་ད་ལྟ་སློབ་མ་༦༠ མ་གཏོགས་ཆ་ཚང་རྒྱ་གཞུང་གིས་ཕྱིར་འབུད་བཏང་ཡོད་པ་དང་། སློབ་མ་༦༠ ཐམ་པ་ནི་ལས་བྱེད་པའི་ཕྲུ་གུ་རེད་འདུག སློབ་མ་ཚང་མ་ཁ་འཐོར་ཡ་འཐོར་དུ་སོང་ནས་སློབ་མ་ཁག་གཅིག་ད་ལྟའི་གནས་སྐབས་སུ་ནང་ལ་འབྱོར་མི་འདུག་པས་ཕ་མ་དང་ནང་མི་རྣམས་ཧ་ཅང་སེམས་ཁྲལ་བྱེད་ཀྱི་ཡོད་འདུག ཟླ་༡༠ ཚེས་༣ ཉིན་ད་དུང་ཡུལ་མི་མང་པོ་ཞིག་གི་རྒྱ་གཞུང་གི་བོད་མི་རྩ་མེད་གཏོང་རྒྱུའི་ཆབ་སྲིད་ཀྱི་བྱ་ངན་དེ་དག་ལ་ངོ་རྒོལ་བྱས་ནས་མུ་མཐུད་གཞུང་ལམ་ལམ་ཆེན་ཐོག་ཉལ་ནས་སྡད་འདུག མི་མང་དེ་ཚོའི་འཕྲོད་བསྟེན་དང་བདེ་འཇགས་ལ་ཧ་ཅང་ཉེན་ཁ་ཆེན་པོ་རེད་འདུག

གཙོ་བོ་ཞི་རྒོལ་དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ནི། རྒྱ་ནག་གཞུང་གིས་སྐར་ལྔའི་དར་དམར་བསྒྲེངས་འཛུགས་མ་བྱས་ན། ༼སློབ་མ་སློབ་གྲྭ་ནས་ཕྱིར་འབུད་གཏོང་བ་དང་གཅིག ༼ནད་པ་སྨན་བཅོས་བྱེད་ཀྱི་མིན་ལབ་པ་དང་གཉིས། དབྱར་རྩ་དགུན་འབུ་བརྐོ་རུ་འཇུག་རྒྱུ་མིན་ལབ་པ་དང་གསུམ། སྐར་ལྔའི་དར་དམར་ཁང་ཐོག་ཏུ་བསྒྲེངས་དགོས་པའི་བཙན་བཀའ་གཏོང་བ་དང་བཞི།༽ དེང་རབས་ཅན་གོ་མཚོན་ཆ་ཚང་ཐོགས་པའི་དམག་མི་དང་ཉེན་རྟོག་པ་ཁྲི་གཅིག་ལྷག་དང་བཅའ་སྡོད་ལས་བྱེད་ཆིག་ཁྲི་བརྒྱད་སྟོན་ཙམ་ཉམ་ཆུང་འབྲོག་པ་མང་ཚོགས་ལ་དྲག་གནོན་ཚད་ལས་བརྒལ་བ་བྱས་པ་སོགས་ལ་བརྟེན་ནས་ཞི་རྒོལ་མི་བྱེད་ཀ་མེད་བྱུང་བ་རེད་འདུག་།

Share this:
༡༤༣ ཀློག་གྲངས།