གྲྭ་པ་ལས་འགུལ་བ་བཅུ་ས་མཚམས་སུ་འབྱོར་འདུག

    གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་ལས་འགུལ་ནང་ཞུགས་མཁན་དག་ནི། ཕ་ཡུལ་ཁམས་འབྲི་རུ་རྫོང་ནས་ཡིན་ཞིང༌། ད་ལྟ་རང་ལོ་ ༢༨ ཡིན་པའི་བསླབ་གསུམ་བསྟན་དར་དང༌། ཕ་ཡུལ་ཁམས་རྟའུ་ནས་ཡིན་ཞིང༌། ད་ལྟ་རང་ལོ་ ༢༣ ཡིན་པའི་ཚེ་རིང་བསྟན་འཛིན། ཕ་ཡུལ་ཨ་མདོ་བླ་བྲང་ནས་ཡིན་ཞིང༌། ད་ལྟ་རང་ལོ་ ༢༣ ཡིན་པའི་མཐའ་ཡས་རྒྱ་མཚོ། ཕ་ཡུལ་ཁམས་སྒ་པ་ནས་ཡིན་ཞིང༌། ད་ལྟ་རང་ལོ་ ༢༡ ཡིན་པའི་བློ་བཟང་ཕུན་ཚོགས། ཕ་ཡུལ་ཁམས་རྫ་ཆུ་ཁ་ནས་ཡིན་ཞིང་ད་ལྟ་རང་ལོ་ ༢༦ ཡིན་པའི་བློ་བཟང་བྱམས་པ། ཕ་ཡུལ་ཁམས་རྟའུ་ནས་ཡིན་ཞིང༌། ད་ལྟ་རང་ལོ་ ༢༦ ཡིན་པའི་བློ་བཟང་སྨོན་ལམ། ཕ་ཡུལ་ཁམས་ལི་ཐང་ནས་ཡིན་ཞིང༌། ད་ལྟ་རང་ལོ་ ༢༩ ཡིན་པའི་སྐལ་བཟང་བསམ་འགྲུབ། ཕ་ཡུལ་ཁམས་རྟའུ་ནས་ཡིན་ཞིང༌། ད་ལྟ་རང་ལོ་ ༢༡ ཡིན་པའི་ཉི་མ་གྲགས་པ། ཕ་ཡུལ་ཁམས་བྲག་མགོ་ནས་ཡིན་ཞིང༌། ད་ལྟ་རང་ལོ་ ༣༠ ཡིན་པའི་བསྟན་འཛིན། ཕ་ཡུལ་ཁམས་རྟའུ་ནས་ཡིན་ཞིང༌། ད་ལྟ་རང་ལོ་ ༢༣ ཡིན་པའི་བསོད་ནམས་རིན་ཆེན་བཅས་ཡིན་འདུག  །

 

Share this:
༡༡༩ ཀློག་གྲངས།