རྒྱ་ནག་གིས་བོད་མི་བཅུ་གཅིག་འཇུ་བཟུང།

    རྒྱ་ནག་གི་རྫོང་རིམ་པའི་ལས་བྱེད་དང་དཔོན་རིགས་ཚོ་གྲོང་སྡེའི་ནང་དུ་ཡོང་ནས་ཞིང་ཀ་འདེབས་དགོས་སྐོར་བརྗོད་པ་དང། གལ་སྲིད་ཞིང་ལ་མ་བྱས་ན་ས་ཞིང་གཞུང་བཞེས་གཏོང་རྒྱུ་ཡིན་པའི་འཇིགས་སྐུལ་ཡང་བྱས་ཡོད་འདུག
    འཇུ་བཟུང་བྱས་པ་༡ ཇོ་རུ། ༢ རྡོ་རྗེ། ༣ མེས་ཡང། ༤ བཀྲ་ཤེས་ཚེ་དགའ། ༥ ཉི་རྒྱལ། ༦ ཆོས་སྐྱོང། ༧ མགོ་རྡོ། ༨ སྲེ་ལུང་བཀྲ་ཤིས། ༩ ནོར་བུ་རྡོ་རྗེ། ༡༠ རིན་ཆེན་རྡོ་རྗེས། ༡༡ ཆོས་བཟང་བཅས་ཡིན་པ་དང། དེ་སྔོན་རྒྱ་ནག་གིས་ས་གནས་ཀྱི་གནས་རི་རྩ་ཆེན་ཞིག་ཡོད་པ་དེ་ནས་བྱེ་མ་དབོར་འདྲེན་བྱེད་སྐབས་བོད་མི་ཚོས་ས་གནས་ལ་གནོད་སྐྱོན་ཡོད་སྐོར་བརྗོད་དེ། བཀག་འགོག་བྱས་པ་ལ་བརྟེན་ནས་འཇུ་བཟུང་བྱས་པ་ཡིན་ཚུལ་གཞུང་གིས་བརྗོད་ཡོད་འདུག་ཀྱང། གཙོ་བོ་ས་གནས་སུ་ཞིང་ལས་མ་བྱས་པའི་ངོ་རྒོལ་ལ་བརྟེན་ནས་འཇུ་བཟུང་བྱས་པ་ཡིན་པར་བོད་མི་ཚོས་ངོས་འཛིན་བྱེད་ཀྱི་འདུག། ད་ལྟ་རིན་ཆེན་རྡོ་རྗེ་དང། ཆོས་བཟང་གཉིས་ཆབ་མདོར་ཁྲིད་ཡོད་ཚོད་འདུག་ཀྱང། ཁོང་ཚོའི་ད་ལྟའི་གནས་སྟངས་ལ་གསལ་ཁ་གང་ཡང་མེད་འདུག།།

Share this:
༡༠༩ ཀློག་གྲངས།