ཆིངས་ཡིག་དོན་ཚན་བཅུ་བདུན་བཞག་ནས་ལོ་༥༨ འཁོར་བ།

    དེ་བཞིན་བྷེལ་ཀོབ་ལུགས་བདེ་གཉིས་ཀྱི་གཞིས་གྲོང་དང་ཚོང་ཁང་ཁག་ཏུ་ཚེ་རིང་ལྷུན་གྲུབ་དང་སྐུ་ཞབས་སེར་སྨད་བློ་དགའ། ཚེ་དབང་རྡོ་རྗེ་བཅས་ཀྱིས་དྭངས་བླང་ཐོག་ཉི་མ་ནག་པོ་དྲན་གསོ་ཟེར་བའི་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པའི་ཉིན་མོ་དྲན་གསོ་མཚོན་བྱེད་རས་ནག་པོ་རེ་མི་རྣམས་ཀྱི་མགོ་ལ་དཀྲིས་ནས་ལས་འགུལ་སྤེལ་བ་དང། གང་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱིས་ཀྱང་ཉིན་མོ་འདི་དང་བསྟུན་ནས། མི་མང་བསྡུ་སྐོང་གིས་གྲོས་མཐུན་དོན་ཚན་བཅུ་བདུན་དང་བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གཉིས་བར་གྱི་ཁྱད་པར་ཟེར་བའི་བརྗོད་གཞིའི་ཐོག་སྤྱི་ཟུར་པདྨ་བདེ་ལེགས་དང༌། རྒྱ་གར་ནག་གཉིས་ཀྱིས་བར་ལ་བསླབ་པ་ལྔའི་འཆིང་ཡིག་བཞག་པས་བོད་དོན་ལ་ཤུགས་སྐྱེན་གང་ཐེབས་པའི་སྐོར་ལ་གཞོན་ནུ་ཚོགས་གཞོན་ཟུར་པ་བློ་བཟང་ཡེ་ཤེས་ལགས་ཀྱིས་གསུང་བཤད་དང་བགྲོ་གླེང་ཡང་བྱས་ཡོད་པ་རེད།
མེ་སོར་གསར་འགོད་པ་བཀྲིས་བདེ་ལེགས་ནས།

Share this:
༢༤༨ ཀློག་གྲངས།