གྲྭ་པ་གསུམ་འཛིན་བཟུང།

ཉེ་བའི་ཆར་ར་རྒྱ་དགོན་གྱི་དགེ་འདུན་པ་དགུ་འཛིན་བཟུང་བྱས་ཡོད་པ་དེ་ཚོར་ནང་མི་ཐུག་འཕྲད་སོགས་བྱེད་འཇུག་གི་མེད་པས་ཁོང་ཚོའི་གནས་སྟངས་གང་ཡང་ཤེས་ཀྱི་མེད་པའི་གནས་ཚུལ་འདུག རྨ་ཆུར་དགེ་འདུན་པ་ཞིག་གི་སྐུ་སྲོག་བཅད་པའི་གནས་ཚུལ་བྱུང་བ་ནས་ཟླ་གཅིག་རིང་ཆབ་སྲིད་སློབ་གསོ་བཏང་རྗེས་རྒྱུག་ལེན་བྱས་པར་རྒྱུག་འཕྲོད་མ་བྱུང་བས་ད་དུང་མུ་མཐུད་ནས་ཟླ་བརྒྱད་རིང་ཆབ་སྲིད་སློབ་གསོ་གཏོང་རྒྱུ་ཡིན་ཞེས་བསྒྲགས་ཡོད་པ་རེད། གོང་གི་དགེ་འདུན་པ་གསུམ་འཛིན་བཟུང་བྱས་པ་ཡང་དེ་དང་འབྲེལ་བ་འདུག སྤྱིར་བར་ལམ་ཞིག་ནས་ར་རྒྱ་དགོན་ཕྱོགས་ཀྱི་རྒྱ་དམག་རྣམས་ཅེ་ཉུང་དུ་བཏང་བའི་སྐད་ཆ་ཞིག་ཡོད་ན་ཡང་། དེང་སྐབས་ཡང་རྒྱ་དམག་གང་མང་སླེབས་ཀྱི་ཡོད་འདུག ལྷག་པར་ར་རྒྱ་དགོན་གྱི་འཁྲིས་རང་ལ་གསར་དུ་རྒྱ་དམག་༡༠༠ ལྷག་བསྡད་ནས་མི་སེར་དང་དགོན་པའི་བར་གྱིི་འབྲེལ་ལམ་བཀག་འགོག་བྱེད་ཀྱི་ཡོད་པ་དང་། ཤེས་ཡོན་པ་དང་དྲ་རྒྱ་སོགས་གསར་འགྱུར་སྔོགས་འདོན་བྱེད་ཐུབ་མཁན་ཚོ་ཕྱོགས་སོ་སོར་འགྲོ་རྒྱུར་བཀག་འགོག་དོ་དམ་བྱེད་བཞིན་ཡོད་པའི་གནས་ཚུལ་འདུག་ཅེས་འགྲེལ་བརྗོད་བྱས་སོང།། མེ་སོར་གསར་འགོད་པ་བཀྲ་ཤིས་བདེ་ལེགས་ཀྱིས།

Share this:
༧༡ ཀློག་གྲངས།