གྲྭ་པ་གསུམ་ལ་ལོ་གསུམ་གྱི་ཁྲིམས་ཆད།

    ༢༠༠༨ ལོའི་ཕྱི་ཟླ་༦ ཚེས་༢༨ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༢ ཙམ་གྱི་ཐོག་གསེར་རྟ་གནུབས་ཟུར་དགོན་གྱི་གྲྭ་དབྱིངས་ཕྱུག་ལོ་༡༨ དང༌། སྤྲུལ་སྐུ་དགེ་འཕེལ་ལོ་༡༩ ས་གཞི་ལོ་༢༡ བཅས་ཀྱིས་གསེར་རྟ་རྫོང་གི་སྲང་ལམ་གྱི་ཕྱོགས་གསུམ་ནས་བོད་ཀྱི་རྒྱལ་དར་ཕྱར་ནས། འཚེ་མེད་ཞི་བའི་འབོད་སྒྲ་སྐད་གསང་མཐོན་པོའི་ཐོག་ནས་བསྒྲགས་པ་མ་ཟད། རེ་འབོད་ཀྱི་ཡིག་ཆ་ཆིག་སྟོང་ལྷག་ཙམ་གཏོར་བ་རེད། ཆུ་ཚོད་༢།༢༠ ཙམ་གྱི་དུས་སུ་རྒྱ་དམག་གིས་ཕྱོགས་སོ་སོ་ནས་བསྐོར་ནས་ཁོང་གསུམ་འཛིན་བཟུང་དང་རྡུང་རྡེག་ཚབས་ཆེན་བྱེད་བཞིན་པའི་ཚེ་ཁོང་གསུམ་གྱིས་འབོད་ཚིག་སྔར་བཞིན་བསྒྲགས་ཡོད་པ་རེད། ཁོང་རྒྱ་ནག་གཞུང་གིས་འཇུ་བཟུང་སྐབས་དགོན་པ་དེར་ཡང་ངོ་རྒོལ་མི་ཆོག་པའི་འཇིགས་སྐུལ་བྱས་པ་མ་ཟད། གྲྭ་ཤག་ཁག་ཅིག་ཀྱང་གཏོར་བཤིག་བཏང་ཡོད་པ་རེད།།

Share this:
༣༨ ཀློག་གྲངས།