གཟི་བརྗིད་གྲོང་མིའི”མཚན་སྙན་གནང་བར

  ཀྲུང་ གོ་བའི་ཚོགས་པས་བསྟན་པར། ཕ་རི་སིའི་གྲོང་གཙོ་ཏེ་ལ་ནོ་ཨེ་ཡི་སྤྱོད་སྟངས་འདིས་ཀྲུང་ཧྥའི་འབྲེལ་བར་སླར་ ཡང་གནོད་སྐྱོན་བཟོ་སྲིད་ཅིང་། གྲོང་གཙོས་ཀྲུང་གོ་བའི་བསམ་འཆར་ལྟར་ནོར་ འཁྲུལ་དེ་ཡོ་བསྲང་བྱེད་རྒྱུའི་རེ་བ་བཏོན་པ་རེད། ཀྲུང་གོའི་སློབ་ཆེན་གྲགས་ཅན་ཆིང་ཧྭ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་ཞིག་གིས་ རྒྱལ་ཁམས་དུས་བབ་ཀྱི་གསར་འགོད་པའི་བཅར་འདྲི་བྱེད་སྐབས་བསྟན་པ་ལྟར་ན།  ཕ་རི་སིའི་གྲོང་གཙོ་ཏེ་ལ་ནོ་ཨེ་ནི་གཡོན་ཕྱོགས་པ་ཞིག་ཡིན་ཞིང་། གཡས་ཕྱོགས་དང་དབུས་ཀྱི་སྟོབས་ཤུགས་མཚོན་པའི་ཧྥ་རན་སིའི་སྲིད་འཛིན་སར་ཁོ་ཆི་ དང་དབང་ཆ་རྩོད་མཁན་ཡིན་ལ། ཏེ་ལ་ནོ་ཨེ་ཡིས་ཏཱ་ལའི་གནད་དོན་ཐད་སྲིད་འཛིན་སར་ཁོ་ཆི་དང་གཅིག་མཐུན་མིན་ པའི་སྲིད་ཇུས་འཛིན་པའི་རྒྱུ་མཚན་དང་པོ་ནི་ཏཱ་ལའི་དོན་རྐྱེན་ལ་བརྟེན་ནས་ སྤྱི་དམངས་ཀྱི་བློ་སེམས་འགུགས་པ་དང་། རྒྱུ་མཚན་གཉིས་པ་ནི་སར་ཁོ་ཆི་ཡི་མཚང་འབྱིན་བསམ་པ་དེ་རེད།

 

  ཕ་ རི་སིའི་གྲོང་གཙོ་ཏེ་ལ་ནོ་ཨེ་ཡི་མགྲིན་ཚབ་པས་ཟླ་༥ཚེས་༢༦ཉིན་བསྒྲགས་པ་ལྟར་ན།  ཏཱ་ལའི་ཡིས་ཟླ་༦ཚེས་༦ཉིན་ནས་ཚེས་༨ཉིན་བར་ཧྥ་རན་སིར་མཚམས་འདྲི་བྱེད་རིང་ཏེ་ ལ་ནོ་ཨེ་ཡིས་ཁོ་ལ་མཇལ་འཕྲད་བྱེད་རྒྱུ་ཡིན་པ་མ་ཟད། ད་དུང་གཟི་བརྗིད་གྲོང་མིའིམཚན་ སྙན་གནང་རྒྱུ་རེད། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡིས་ཐེངས་མང་པོར་ཕ་རི་སི་ལ་བོད་དོན་ཐད་ཡང་དང་ བསྐྱར་དུ་ནོར་འཁྲུལ་མི་འབྱུང་བའི་རེ་བ་བཏོན་ཡོད་པ་དང་། ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡིས་ཕ་རི་སིའི་སྲིད་གཞུང་གིས་ཏཱ་ལའི་ལ་ གཟི་བརྗིད་གྲོང་མིའིམཚན་ སྙན་གནང་རྒྱུའི་སྐོར་ཁྱབ་བསྒྲགས་བྱས་རྗེས་གསལ་བསྒྲགས་ཤིག་སྤེལ་བའི་ནང་འདི་ ལྟར། ཕ་རི་སིས་ཏཱ་ལའི་ལ་མཚན་སྙན་དེ་གནང་བ་ནི་ཕ་རི་སི་གྲོང་ཁྱེར་རང་གི་ཐག་ གཅོད་ཁོ་ན་ཡིན་པ་ལས། ཧྥ་རན་སིའི་སྲིད་གཞུང་གིས་ཏཱ་ལའི་དང་མཇལ་འཕྲད་བྱེད་པའི་སྐོར་གྱི་བཀོད་ སྒྲིག་ཅི་ཡང་བྱས་མེད་སྟབས། དོན་འདིས་ཧྥ་ཀྲུང་བར་གྱི་འབྲེལ་བར་ཤུགས་རྐྱེན་བཟོ་མི་སྲིད་པའི་སྐོར་བཀོད་ ཡོད་པ་རེད།

Share this:
༨༠ ཀློག་གྲངས།