སྲིད་སྐྱོང་ཕྱོགས་ཕེབས་གནང་འཆར།

ཕྱི་ཟླ་༥ ཚེས་༡༧ ནས་ཚེས་༢༧བར་སྲིད་སྐྱོང་བློ་བཟང་སེང་གེ་ཌེན་མཱཀ་དང་།ནོར་ཝེ།ལྡི་ལི་བཅས་སུ་གཞུང་འབྲེལ་མི་སྣ་དང་ལྷན་ཤེས་རིག་གི་ལས་གཞི་ཁག་གི་སྐོར་བཀའ་བསྡུར་གནང་རྒྱུ་ཡིན་འདུག

དེ་བཞིན་སྐབས་དེར་རྒྱལ་ཁབ་དེ་དག་གི་གྲོས་ཚོགས་ཀྱི་འཐུས་མིར་མཇལ་འཕྲད་དང་། བོད་རིགས་མང་ཚོགས་ལ་བཀའ་སློབ།ཁྱད་མཁས་མི་སྣ་དང་ཉམས་ཞིབ་པ་རྣམས་དང་ལྷན་དུ་བགྲོ་གླེང་ཚོགས་འདུ་སོགས་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད་པ་རེད།

དེ་ཡང་ཕྱི་ཚེས་ ༡༧ཉིན་སྲིད་སྐྱོང་དྷ་ས་ནས་ལྡི་ལིར་ཕེབས་རྒྱུ་དང་། ཕྱི་ཚེས་ ༡༨ཉིན་ལྡི་ནས་ཀོ་པན་ཧེ་གྷན་དུ་ཕེབས་འབྱོར་གྱིས་ཕྱི་ཚེས་ ༡༨ནས་ ༢༠ བར་ཁུལ་དེར་ལས་རིམ་ཁག་ཅིག་ཡོད་འདུག

ཕྱི་ཚེས་ ༢༡ཉིན་ཀོ་པན་ཧེ་གྷན་ནས་ཨོ་སི་ལོར་ཕེབས་སྟེ། ཕྱི་ཚེས་ ༢༢ དང་ ༢༣བཅས་ཉིན་གྲངས་གཉིས་རིང་ས་གནས་སུ་ལས་རིམ། ཕྱི་ཚེས་ ༢༤ཉིན་ཨོས་ལོ་ནས་མུ་ནིཀ་བརྒྱུད་ལྡི་ལིར་ཕེབས་རྒྱུ་དང་། ཕྱི་ཚེས་ ༢༥ དང་ ༢༦ཉིན་ལྡི་ལིར་གནད་ཡོད་མི་སྣ་དང་ལྷན་མཇལ་འཕྲད་གནང་སྟེ་ཕྱི་ཚེས་ ༢༧ཉིན་རྡ་སར་ཕེབས་འཆར་ཡོད་པ་རེད།།

Share this:
༡༡༢ ཀློག་གྲངས།