འབྲས་སྤུངས་བླ་སྤྱི་ནས་༧གོང་ས་མཆོག་ལ་སྙན་ཞུ།

༄༅། ། འགྲོ་བ་ལྷ་དང་བཅས་པའི་མ་འདྲེས་པའི་མཛའ་བཤེས་ཆེན་པོ་༧གོང་ས་ལྷ་མའི་རྣམ་འདྲེན་༧སྐྱབས་མགོན་ཐམས་ཅད་མཁྱེན་པ་བོད་གཞིས་བྱེས་གཉིས་ཀྱི་བླ་ན་མེད་པའི་དབུ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་མཛམ་གླིང་སྐྱེས་འགྲོ་རྣམས་ལ་ཞི་བདེ་དང་ཆོས་ལུགས་མཐུན་བསྒྲིལ་གྱི་ལམ་སྟོན་པ་ཆེན་པོ་མཆོག་གི་ཞབས་པད་མངོན་མཐོའི་དྲུང་དུ།

གུས་འབངས་འབྲས་སྤུངས་བླ་སྤྱི་ནས་ལྷ་ཕྱག་གྲངས་མེད་དང་བཅས་ཞུ་གསོལ། དེ་ཡང་ལོ་རྒྱུས་ཐོག་རང་བཙན་གནས་པའི་དུས་རབས་བྱུང་ཡོད་པ་ལྟར། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་རང་བཙན་དགོས་ངེས་ཅན་ཡིན་ཡང་ད་ལྟར་འབྱུང་འགྱུར་བོད་ཀྱི་ཆོས་དང་རིགས་གཞུང་མི་རིགས་དང་བཅས་འཆགས་འཇིག་ཇི་འགྱུར་ཉག་ཕྲ་ཅན་གྱི་དུས་སྐབས་འདིར་འཕྲལ་ཕུགས་ཀྱི་བསམ་ཞིབ་ནན་ཏན་དགོས་གལ་ཆེ་ཞིང་བོད་ཀྱི་བདེན་མཐའ་གསལ་ཐུབ་པའི་ཐབས་ལམ་རྒྱུན་རིམ་ནང་ཕྱི་ལོ་༡༩༧༠་ཙམ་ལ་ཏིང་ཞའུ་ཕན་གྱིས་རང་བཙན་མ་བཤད་ན། གཞན་འགྲིག་གི་རེད་ཟེར་བའི་དུས་ཚོད་བྱུང་བ་རེད། རྒྱ་མི་ལ་རང་བཙན་བཤད་ས་མེད་པ་དང་ང་ཚོ་ལ་རོགས་རམས་གནང་མཁན་རྒྱ་གར་དང་། ཨ་མི་རི་ཀ་ཡོ་རོབ་རྒྱལ་ཁབ་རྣམས་ཀྱིས་རང་བཙན་ལ་རྒྱབ་སྐྱོར་མེད་པ་དང་བོད་པས་རྒྱ་མི་ལ་ཁ་གཏད་བཅག་ཏེ་བོད་རང་བཙན་ལེན་ནུས་བྲལ་ཞིང་ལོ་བཞི་བཅུ་ལྔ་བཅུའི་རྗེས་སུ་རྒྱ་མི་དུང་ཕྱུར་གཅིག་ཙམ་བོད་དུ་སླེབས་རྒྱུའི་ཉེན་ཁ་དངོས་མཐོང་ལ་སོང་། བོད་མི་མི་མངོན་པ་ཆགས་པས་རང་བཙན་རག་གམ། གོང་ས་སྐྱབས་མགོན་ཆེན་པོས་ཕྲལ་ཕུགས་གཉིས་ཀ་ལ་དགོངས་པ་གཏིང་ཟབ་བཞེས་ཏེ་རྒྱ་མི་དང་བོད་པ་གཉིས་ཀར་ཕན་པའི་དབུ་མིའི་ལམ་སྲོལ་གཏོན་གནང་བ་རེད། དབུ་མའི་ལམ་སྲོལ་གྱིས་རྒྱ་མི་དང་བོད་པ་གཉིས་ཀ་ལ་ཕན་པའི་ཚུལ་ནི། བོད་རྒྱ་མི་དང་ཁ་བྲལ་མི་དགོས་པ་རྒྱ་ནག་སྤྱི་མཐུན་རྒྱ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་དུ་སྡོད་ཀྱི་ཡོད་ཙང་རྒྱ་མི་འདོད་དོན་འགྲུབ་པ་དང་།
བོད་པ་ལ་ཡང་འཛམ་གླིང་ཞི་བདེ་སྤེལ་བའི་ཁྱད་ནོིར་རྒྱལ་ཁབ་གཞན་སུ་ལ་མེད་པ་དཔལ་ན་ལེནྜ་ནས་བརྒྱུད་པའི་ནང་དོན་རིག་པ་དང་། བོད་ཀྱི་རིག་གནས་དང་སྐད་ཡིག་བོད་ཀྱི་གོམས་གཤིས་བཟང་པོ་བཅས་འཛིན་སྐྱོང་ཐུབ་པའི་ཆོལ་གསུམ་གཅིག་སྒྲིོལ་གྱི་རང་སྲིད་རང་སྐྱོིང་ཚད་ལྔན་ཞིག་བྱུང་བས་དགེ་མཚན་ཆེ་བར་མངོན། མཐའ་གཉི་སུ་མ་ལྷུང་པ་ཡིན་ཙང་དབུ་མའི་ལམ་ཟེར་གྱི་རེད། ཕྱི་ལོ་༡༩༥༩ ལོར་རྒྱ་དམར་གྱིས་དྲག་གནོན་འགོ་བཙུགས་སྐབས་མཚོན་ཆ་ཆེ་ཆུང་གི་ཆར་འབབས་པ་ལྟ་བུར་བྱས་པའི་ཚེ་༧གོང་ས་མཆོག་རྒྱ་གར ལ་ཆིབས་ཞལ་བསྒྱུར་ཏེ་ཕེབས་ཤུལ་དུ་བོད་མི་ཁྲི་ཕྲག་འགའ་ཤིག་བྲོས་བྱོལ་དུ་འོང་སྐབས་༧གོང་ས་མཆོག་རྒྱ་གར་དུ་ཕེབས་མ་ཐུབ་ན་བྲོས་བྱོལ་བ་རྣམས་རྒྱ་དུ་གཏོང་རྒྱུ་ཕར་བཞག  ཀ་སྤུག་དང་རྡོ་རྗེ་གླིང་།  སྒང་ཐོག་བཅས་སུ་སྔོན་དུ་འབྱོར་བའི་བོད་མི་ཚོར་རྒྱ་གར་གྱི་ལག་ཁྱེར་ཡོད་པ་རྣམས་ཕྱིར་བསྡུ་བྱས་ཏེ་རྒྱ་མི་ལ་རྩིས་སྤྲད་ཆོག་ཆོག་བཟོས་ཡོད།   བོད་མི་རྒྱ་གར་དུ་ཡོང་ཆོག་པ་དེ་ཡང་༧གོང་ས་མཆོག་གིོས་བཀའ་དྲིན་ཡིན་པ་བསམ་ཤེས་དགོས། བྲོས་བྱོལ་བ་སྐྱ་སེར་ཁྲི་ཕྲག་འགའ་ཤིག་རྒྱ་གར་དུ་འབྱིར་དུས་ཅི་བྱ་ལྟོས་བྲལ་སྐབས། ༧གོང་ས་མཆོག་གིས་བོད་བསྐྱར་གསོའི་ཆེད་འཕྲལ་ཕུགས་གཉིས་ཀར་དགོངས་པ་གཏོང་ཟབ་བཞེས་ཏེ་བོད་ཀྱི་བསྟན་པའི་མེ་རོ་གསོས་ཆེད་ཆོས་ལུགས་རིས་མེད་ཀྱི་ཀ་སྦག་ས་ལ་ཆོས་སྒར་ཟུར་འཛུགས།
བོིད་བསྐྱར་གསོའི་ཆེད་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་དེང་དུས་ཀྱི་ཤེས་ཡིོན་འདབ་གཤོག་གཉིས་ལྡན་ཡོང་སླད་བོད་ཀྱི་གཞོན་ནུ་རྣམས་ལ་སློབ་གྲཱ་ཟུར་འཛུགས། བོད་མི་བྱིང་གོམས་གཤིས་བཟང་པོ་རྣམས་འཇགས་གནང་ཆེད་གཞིས་ཆགས་ཟུར་འཛུགས།  རྒན་པ་རྣམས་ལ་འཚོ་བའི་ཐུན་རྐྱེན་དཀའ་ངལ་མི་འབྱུང་བའི་ཆེད་རྒན་གསོ་ཁང་གསར་རྒྱབ། ནད་པ་དང་བོད་ཀྱི་གསོ་བ་རིག་པ་འཛིན་སྐྱོིང་ཆེད་བོིད་ཀྱི་སྨན་རྩིས་ཁང་འཛུགས་བསྐྲུན་གནང་།
དེ་ནས་བོད་ཀྱི་སྒྲིག་འཛུགས་ཏེ་མང་གཙོ་གསལ་བཏོད་གནང་ནས་སྤྱི་འཐུས་གསར་སྐོས། ཆོས་རིག་ལས་ཁུངས་དང་། ནང་སྲིད། དཔལ་འབྱོར། ཤེས་རིག བདེ་སྲུང་། ཕྱི་དྲིལ། འཕྲོད་བསྟེན་བཅས་ཀྱི་ལས་ཁུངས་གསར་བསྐྲུན་དང་བཀའ་བློན་གསར་སྐོས།   དེ་ནས་༧གོང་ས་མཆོག་གིས་ཕུགས་རྒྱང་རིང་པོི་དགོངས་པ་གཏོང་ཟབ་བཞེས་ཏེ་མི་མང་གིས་འོས་བསྡུ་བྱས་ཏེ་བཀའ་བློན་ཁྲི་པ་གསར་སྐོས་ལེགས་གྲུབ་སོགས། ༧གོང་ས་མཆོག་དགོང་ལོ་བཅུ་དྲུག་ནས་ད་བར་འཆར་གཞི་ལམ་སྟོན་གནང་བ་རྣམས་མིས་སྨིན་རང་སྐྱིད་མངོན་སུམ་ཚད་གྲུབ་ལགས་ཤིང་། གོང་ཞུས་རྒྱུ་མཚན་ལ་བརྟེན་ནས་དབུ་མའི་ལམ་སྲོལ་གཏོད་པ་དེའང་རླབས་ཆེ་ལྡན་པའི་བཞེས་དགོངས་ལ་བརྟེན་ཐེ་ཚོམ་མེད་པ་མངོན་པར་བསྟོད་རྒྱུ་ལགས་ན། དཔལ་ལྡན་འབྲས་དཀར་སྤུངས་པའི་མཁན་ལས་ཟུར་རྣམ་པ་དང་རྒྱལ་སྲས་བླ་སྤྲུལ་ཁག་དཀའ་རབ་འབྱམས་དགེ་བཤེས་གཉེན་རྣམ་པ། གནས་བརྟན་བགྲེས་སོང་། གྲྭ་མང་བཅས་པ་ཚང་འཛོམས་ཀྱིས་དབུ་མའི་ལམ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་མ་ཟད། ཕྱི་བྱུང་ཡང་༧གོང་ས་མཆོག་གིས་ཅི་གསུང་བཀའ་བསྒྲུབ་ཞུ་རྒྱུའི་དམ་བཅའ་འབུལ་རྒྱུ་ལགས།
འབྲས་སྤུངས་མཁན་ཁྲི་རིན་པོ་ཆེ།tibetan colony
སྒོ་མང་མཁན་རིན་པོ་ཆེ།
བློ་གསལ་གླིང་མཁན་རིན་པོ་ཆེ།

Share this:
༡༢༦ ཀློག་གྲངས།