སྱིར་རིག་ལམ་གྱི་གོ་དོན།

མིང་གི་མཐར་རིག་པ་རིག་པ་ཞེས་བརྗོད་པ་དེ་ཡོངས་རྫོགས་སྦྱངས་པའི་སྐབས་ལ་རིག་ལམ་མམ་ཐབས་ལམ་མི་འདྲ་བའི་ཐོག་འགྲོ་དགོས་པ་རེད།  དབྱིན་སྐད་ནང་Tibetlogy Buddhalogy Sinology ཟེར་བ་Logy ཟེར་བའི་ཚིག་འདི་བོད་སྐད་དུ་རིག་ལམ་གོ་དགོས་ཀྱི་ཡོད་ས་རེད། རྒྱུ་མཚན་དེས་ན་བརྡ་སྤྲོད་རིག་པ་སྦྱོང་སྐབས་དཔེར་བརྗོད་བྲིས་པའི་རིག་ལམ་ཐོག་འགྲོ་དགོས། རྩོམ་རིག་སྦྱོང་སྐབས་རྩོམ་བྲིས་པའི་རིག་ལམ་ཐོག་འགྲོ་དགོས། སྐར་རྩིས་སྦྱོང་སྐབས་རྩིས་ཀྱི་རིག་ལམ་ཐོག་འགྲོ་དགོས་པ་རེད། བོད་ཀྱི་གཏམ་དཔེར། སྙན་ངག་བྲིས་ནས་ཤེས། རྩོད་པ་བརྩད་ནས་ཤེས་ཟེར་བ་བཞིན་སོ་སོར་རིག་ལམ་གྱི་ལམ་ལུགས་མི་འདྲ་བ་ ཡོད། དེ་བཞིན་ཤིང་བཟོ་མཁས་ཀྱང་མགར་ར་ཡོང་དོགས་མེད་ཟེར་བའང་གཙོ་བོ་ལུགས་སོ་སོར་རིག་ལམ་མི་འདྲ་བ་ཡོད་པ་བསྟན་གྱི་ཡོད། རིག་ལམ་ཞེས་ཚིག་འདི་སྤྱི་ཁྱབ་ཏུ་གཡུགས་ན་ཧ་ཅང་ཁྱབ་ཆེན་པོ་ཡིན། ད་ལྟའི་དཔེ་སྟོན་སློབ་གྲྭའི་རིག་ལམ་ཟེར་བ་དེ་དམིགས་སུ་བཀར་ནས་ཚད་མ་རིག་པ་དང་འབྲེལ་བ་ཡོད། རྟགས་ཡང་དག་དང་རྟགས་ལྟར་སྣང༌། ཆོས་ཅན། གསལ་བ། རྟགས་གསུམ་གྱིས་འཁོར་བསྐྱོད་དགོས་པའི་རིག་ལམ་ཐོག་ནས་འགྲོ་སྲོལ་ཞིག་ཡོད་པ་དེ་ངས་བཤད་བསྡད་པའི་རིག་ལམ་དེ་རེད། ཡོངས་གྲགས་སུ་ཚད་མ་རིག་པ་དང་འབྲེལ་བའི་རིག་ལམ་འདི་ཤེས་ན་རིག་ལམ་གཞན་ལ་འཇུག་པར་ནུས་པ་ཁྱད་པར་ཅན་ཐོན་ཐུབ་ཀྱི་ཡོད་སྐོར་བརྗོད་ཀྱི་ཡོད་པ་རེད།  གཞན་སྐད་ཡིག་གི་རིག་ལམ་དེ་ཚན་རིག་གི་རིག་ལམ་ལ་ནུས་པ་ཐོན་གྱི་མེད་པ་དང༌། སྐར་རྩིས་ཀྱི་རིག་པ་དེ་བརྡ་སྤྲོད་རིག་པ་ལ་ནུས་པ་ཐོན་གྱི་མེད་ས་རེད། རིག་ལམ་གཅིག་ཤེས་པའི་ནུས་པས་རིག་ལམ་གཞན་ལ་འཇུག་བདེ་བའི་ཐབས་ཁྱད་པར་ཅན་བཏོན་ཐུབ་མཁན་ཚད་མ་རིག་པ་འདི་ཡིན་པ་བརྗོད་ཀྱི་འདུག་པས་དེ་དོན་དགོངས་དཔྱད་ཡོང་བར་ཞུ།            ད་ནི་རིག་ལམ་གྱི་ཐད་ལ་བརྗོད་པའི་གནད་དོན་དེ་མཇུག་བསྡོམས་བརྒྱབ་ཀྱི་ཡིན།             ཁྱེད་ཀྱིས་ང་ལ་གྲྭ་བ་བྱེད་དགོས་མིན་གྱི་བསམ་ཚུལ་ཤོད་དགོས་ཟེར་བས་ང་ལ་དངོས་གནས་ཕན་ཐོག་པ་ཞིག་བཤད་རྒྱུ་མེད། དེང་སྐབས་ང་ཚོར་བོད་གྲངས་ཉུང་མི་རིགས་ཆགས་འགྲོ་གི་ཡོད་པས་ཁྱེད་གྲྭ་བ་བྱེད་མི་རིག། ཡིན་ནའང་ཁྱེད་ཀྱིས་ང་ལ། ཁྱེད་རང་གིས་ཕྲུ་གུ་ག་ཚོད་བཟོས་ཡོད་ཟེར་ནས་དྲིས་བ་ཚུར་མ་གཏོང་རོགས་མ་གཏོགས་ངའི་ཟླ་བའི་ལྷ་མོ་འཇིག་རྟེན་སྟེང་ད་དུང་ཕེབས་རྒྱུ་ཡིན་ས་རེད།ཧཧཧ། སྤྱི་ཚོགས་སྟེང་དངོས་སུ་བབས་ནས་ལས་དོན་བསྒྲུབ་དགོས་པས་ཁྱེད་གྲྭ་བ་བྱེད་མི་རིག། བོད་ནང་སྐྱེས་སྒོ་བཀག་བཞིན་ཡོད་པས་ཁྱེད་གྲྭ་བ་བྱེད་མི་རིག  སྐྱེས་དམན་གཅིག་ལ་བུ་སྤུན་གསུམ་མཉམ་དུ་བསྡད་པའི་བོད་ཀྱི་ས་ཁུལ་མང་བས་ཁྱེད་གྲྭ་བ་བྱེད་མི་རིག་  བོད་ཀྱི་ཆོས་རིག་འཇིག་རྟེན་སྟེང་གནས་དགོས་པས་རྒྱུན་འཛིན་བ་དགོས་ཀྱི་འདུག་པས་ཁྱེད་གྲྭ་བ་བྱེད་མི་རིག  ད་དུང་མི་ལོ་50་ལྷག་ཙམ་འཐབ་རྩོད་ཀྱི་གྲ་སྒྲིག་བྱེད་བཞིན་ཡོད་པས། བོད་གཞུང་ལ་འཐབ་རྩོད་པ་མཁོ་བས་ཁྱེད་གྲྭ་བ་བྱེད་མི་རིག་ཧཧཧཧཧཧ། ཡ་ཐུབ་བསྟན་ཁྱེད་གྲྭ་བ་བྱེད་ན་དངོས་གནས་སེམས་པ་ལྷོད་ལ་བབས་ས་རེད་དམ།

Share this:
༡༦༨ ཀློག་གྲངས།