བོད་མིའི་སྒྲིག་འཛུགས་ཀྱི་འཚམས་འདྲི།

བོད་མིའི་སྒྲིག་འཛུགས་ཀྱིས་ རྒྱ་གར་གྲོས་ཚོགས་འོག་མའི་རྒྱལ་ཡོངས་འོས་བསྡུ་ཐེངས་ ༡༦སྐབས་བྷི་ཇི་པེ་ཆབ་སྲིད་ཚོགས་པར་འོས་ཤོག་གྱི་རྒྱལ་ཁ་ཐོབ་པར། འཚམས་འདྲི་ཞུས་ཡོད་པ་རེད།

དེ་ཡང་སྲིད་སྐྱོང་བློ་བཟང་སེང་གེས་འཚམས་འདྲི་ཞུས་པའི་ནང་འཁོད་དོན། གོ་སྐབས་འདི་བཟུང་ནས་རྒྱ་གར་གཅིག་སྒྲིལ་ཡར་རྒྱས་མནའ་འབྲེལ་ཚོགས་པས་ (United Progressive Alliance) ལས་རྒྱུན་གཉིས་རིང་གཞུང་འཛིན་གནང་སྐབས། བོད་མི་ཚོར་ཆོད་སེམས་འགྱུར་མེད་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་གཅིགབྷཱ་ར་ཏི་ཡཱ་ཇན་ཏ་ཚོགས་པས་དབུ་ཁྲིད་པའི་རྒྱལ་ཡོངས་མང་གཙོ་མནའ་འབྲེལ་ཚོགས་པའི་ (National Democratic Alliance) སྲིད་གཞུང་གསར་པར་འཚམས་འདྲི་ཞུ་རྒྱུ་ཡིན།

ཐེངས་འདིར་རྒྱ་གར་གྲོས་ཚོགས་འོག་མའི་རྒྱལ་ཡོངས་འོས་འདུའི་སྐབས་རྒྱ་གར་ཡུལ་མི་ཚོས་དོན་གཉེར་ཧ་ཅང་ཆེན་པོས་རང་གི་མང་གཙོའི་ཁེ་དབང་ལོངས་སུ་སྤྱད་པར་བརྟེན། དེ་སྔ་བྱུང་མྱོང་མེད་པའི་འོས་ཤོག་འཕེན་མཁན་གྱི་གྲངས་འབོར་བརྒྱ་ཆ་༦༦.༤ ཟིན་ཡོད། རྒྱ་གར་ནི་མི་རིགས་དང་རིག་གཞུང་།ཆོས་ལུགས་འདྲ་མིན་སོགས་ཆིག་སྒྲིལ་ངང་གནས་རྒྱུའི་ལྟ་གྲུབ་ལ་གཞི་བཅོལ་བའི་འཛམ་གླིང་གི་མང་གཙོ་ཚད་མཐོ་ཤོས་ཡོད་པའི་རྒྱལ་ཁབ་གཅིག་ཡིན་པ་མ་ཟད།མུ་མཐུད་ཡར་རྒྱས་ཀྱི་ཕྱོགས་སུ་གོམ་པ་མདུན་སྤོས་བྱེད་བཞིན་པའི་རྒྱལ་ཁབ་ཞིག་ཡིན། །

Share this:
༡༢༣ ཀློག་གྲངས།