མཚན་ཉིད་འགྲན་སྡུར།

    རེས་གཟའ་ཟླ་བའི་ཞོགས་པའི་ཆུ་ཚོད་དགུ་དང་ཕྱེད་ཐོག་སེར་བྱེས་འབྲང་རིམ་སློབ་གྲྭ་བཙུགས་ནས་ལོ་༢༦ འཁོར་བའི་དུས་དྲན་དང་སྟབས་བསྟུན། ལོ་ལྟར་སློབ་གྲྭའི་ཁང་ཚན་ནང་ཁུལ་མཚན་ཉིད་འགྲན་སྡུར་བྱ་སྲོལ་ཡོད་པ་དེའི་ངོ་བོ་ཆོས་རའི་སློབ་གཉེར་བ་དང་ལྷན་དུ་འགྲན་སྡུར་མཛད་སྒོ་དངོས་སུ་འགོ་འཛུག་ཞུས་པ་དང། སེ་ར་བྱེས་སྨད་ཀྱི་མཁན་རིན་པོ་ཆེ་རྣམས་གཉིས་དང་བོད་ཁྱིམ་སློབ་གྲྭའི་དབུ་འཛིན་སློབ་སྤྱི་སོགས་སྐུ་མགྲོན་རྣམ་པ་དང། ཟུར་དཔང་པ་སོགས་དགེ་འདུན་འདུས་མང་གི་སར་སློབ་སྤྱི་ཨཱཅཱརྱ་རིན་ཆེན་ཚེ་རིང་ལགས་ཀྱིས། སེར་བྱེས་འབྲང་རིམ་སློབ་གྲྭ་འདི་ཚད་ལྡན་སློབ་གྲྭ་སྤྱི་མཚུངས་ཀྱི་གནས་བབས་ལྟར་དབུ་བརྙེས་པ་དང་དེ་ལས་ཐོན་པའི་སློམ་མ་མང་པོས་བཙན་བྱོལ་སྤྱི་ཚོགས་ཀྱི་སྒྲིག་འཛུགས་ཁག་དང་ཕྱི་རྒྱལ་བོད་མའི་སྡེ་ཁག་སོགས་སུ་ཞབས་ཞུ་ཞུ་ཐུབ་མཁན་གང་མང་སླེབས་ཡོད་པའི་གྲུབ་འབྲས་བྱུང་ཡོད་པ་སོགས་གསུང་བཤད་གནང་རྗེས། མཚན་ཉིན་དྲིས་ལན་འདྲན་སྡུར་འགོ་འཛུག་ཞུས་སོང། སྐབས་དེར་གཞུང་ཚན་བསྡུས་གྲྭ་ཆེ་འབྲིང་ཆུང་གསུམ་དང༌། བློ་རིགས་རྟགས་རིགས། གྲུབ་དོན་ས་གསུམ་བཅས་གྱི་ཐོག་དྲིས་ལན་འདྲན་སྡུར་བྱས་པ་དང། ད་དུང་༢༠༠༨ ལོའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་སྐབས་འཛིན་གྲྭ་སོ་སོའི་གྲུབ་འབྲས་རྩེ་ཕུད་སོན་པ་རྣམས་དང་ཤེས་ཡོན་འགྲན་སྡུར་གྱི་ལས་གཞི་ཁག་ནས་རྩེར་སོན་སློབ་མ་རྣམས་ཀྱི་མཚན་ཐོ་སྙན་སྒྲོན་ཞུས་པ་དང། མཐར་གོ་སྒྲིག་ཚོགས་མི་རྒན་ཟླ་བ་ཚེ་རིང་ལགས་ཀྱིས་མཚན་ཉིད་འགྲན་སྡུར་གྱི་གྲུབ་འབྲས་གསལ་བསྒྲགས་སྐབས་ཆོས་རའི་སློབ་གཉེར་བ་བསྡུས་འབྲིང་ལ་ཨང་དང་པོ་དང། བསྡུས་ཆེན་ལ་ཨང་གཉིས་པ། བསྡུས་ཆུང་ལ་ཨང་གསུམ་པའི་གཟེང་རྟགས་ཐོབ་ཡོད་པ་རེད། མེ་སོར་གསར་འགོད་པས།

Share this:
༡༧༤ ཀློག་གྲངས།