སྲིད་སྐྱོང་གིས་ཡུ་རོབ་ཁུལ་གྱི་དཔོན་རིགས་ལ་མཇལ་འཕྲད།

སྲིད་སྐྱོང་བློ་བཟང་སེང་གེས་ཕྱི་ཟླ་༥ ཚེས་ ༡༨ ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༢༣བར་ཡུ་རོབ་ཌེན་མག་དང་ནོར་ཝེ་གཉིས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པ་ལྟར།ཕྱི་ཚེས་༢༠ཉིན་ཌེན་མག་གི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ཀི་རིས་ཌེན་ཇུལ་མཆོག་ ( Mr. Christian Juhl) དང་། སྐུ་ཞབས་ཧོལ་གར་ཀེ་ནེལ་སོན་མཆོག (Mr. Holger K. Nielsen) ལྕམ་མེ་ཊི་བོཀ་མཆོག་ ( Ms. Mette Bock)གིས་གཙོས་ཕྱི་སྲིད་ལས་དོན་ཚོགས་ཚུང་གི་ཚོགས་མི་གཞན་ཁག་གཅིག་དང་།ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་སོགས་གནད་ཡོད་མི་སྣར་མཇལ་འཕྲད་ཀྱིས་བོད་དོན་གླེང་སློང་གནང་ཡོད་པ་རེད།

དེ་བཞིན་ཌེན་མག་གི་གྲོས་ཚོགས་འཐུས་མི་ལྔ་དང་མཇལ་འཕྲད་ཀྱིས་བོད་དོན་སྐོར་གླེང་སློང་དང་། ཁུལ་དེར་གནས་སྡོད་བོད་མི་དང་།བོད་རིགས་ཚོགས་པར་ཐུག་འཕྲད་ཀྱིས་བོད་ཀྱི་རིག་གཞུང་གི་རིན་ཐང་གལ་གནད་ཆེ་ཚུལ་སྐོར་དང་།བོད་ནང་དུ་བོད་བརྒྱུད་ནང་བསྟན་གྱི་གནས་སྟངས་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད་པ་རེད།།

Share this:
༣༧ ཀློག་གྲངས།