མཆོག་གྱུར་ཡུལ་མིའི་གཟེངས་རྟཌ།

ཕྱི་ཟླ་༥ ཚེས་༣༠ ཉིན་རྒྱ་གར་གྱི་མ་ཧཱ་ར་ཤི་ཏའི་མངའ་སྡེའི་ནང་ཡོད་པའི་རིགས་རུས་དམའ་བའི་ཤེས་ཡོན་ལྟེ་གནས་ཁང་ཞེས་པའི་ཚོགས་པས་མཁས་དབང་ཨེམ་བྷི་དྷ་ཀར་གྱི་འཁྲུངས་སྐར་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གདན་ཞུ་གནང་བ་དང། ཁོང་ལ་མཆོག་གྱུར་ཡུལ་མིའི་གཟེངས་རྟགས་ཞེས་པའི་བྱ་དགའ་ཞིག་གནང་ཡོད་པ་རེད། ཚོགས་པ་དེ་ནི་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་སུ་འཇུག་མཁན་གྱི་ཚོགས་པ་ཞིག་ཡིན་ཞིང༌། མཁས་དབང་ཨེམ་བྷི་དྷ་ཀར་ནི་རྒྱ་གར་གྱི་རྩ་ཁྲིམས་གསར་བཟོ་གནང་མཁན་དང༌། རིགས་རུས་དམའ་བའི་རྒྱ་གར་བས་ཆེ་མཐོང་གུས་བཀུར་བྱེད་ས་ཞིག་ཡིན་པ་རེད། ཚོགས་པ་དེའི་ངོས་ནས་བོད་ཀྱི་བདེན་མཐའ་གསལ་ཆེད་འཚེ་བ་མེད་པའི་ཐོག་ཏུ་འབད་བརྩོན་གནང་བར་རྒྱབ་སྐྱོར་ཡོད་སྐོར་གྱི་དགོངས་ཚུལ་ཡང་བཏོན་ཡོད་འདུག །

Share this:
༡༦༠ ཀློག་གྲངས།